ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་མཚམས་སྦྱོར་མདོར་བསྡུས།

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ ནི་ཕྱི་ལོ2002ལོའི་ཟླ3པའི་ཚེས22ཉིན་འགོ་འཛུགས་བྱས་ཤིང་རྗེས་སུ་བོད་ཀྱི་ དགོན་ཆེན་དྲུག་གི་ཡ་གྱལ་སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་གམ་གངས་ཅན་མཁས་ པའི་གཙུག་གི་རྒྱན་དུ་གྱུར་པ་རྗེ་བདག་ཉིད་ཆེན་པོའི་ཡབ་ཀྱི་རྣམ་སྤྲུལ་ཨ་ཀྱཱ་ བློ་བཟང་ཐུབ་བསྟན་རིན་པོ་ཆེ་མཆོག་གི་ཐུགས་ཁུར་འོག་དཔལ་ལྡན་རང་གཞུང་དང་།ས་ གནས་རྒྱ་གར་གཞུང་གི་ཁྲིམས་མཐུན་དེབ་བསྐྱེད་དང་བཅས་གསར་བཙུགས་གནང་བ་ཞིག་ཡིན། ཤེས་བྱ་ཀུན་དུས་རྩོམ་སྒྲིག་ལྟེ་གནས་འདི་ཉིད་གསར་འཛུགས་གནང་བའི་དགོས་པའམ་ དམིགས་ཡུལ་ནི་བཙན་བྱོལ་བོད་གཞུང་དང་ལྷག་དོན་དུ་༸གོང་ས་སྐྱབས་མགོན་ཏཱ་ ལའི་བླ་མ་མཆོག་གི་དགོངས་གཞི་དང་འགལ་བ་སྤུ་ཙམ་མེད་པའི་ཐོག་ནས།བོད་ནང་གི་ལོ་ རྒྱུས་འཐུས་ཤོར་དང་ད་ལྟའི་ཛ་དྲག་གི་གནས་བབ་ སོགས་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་བོད་ཀྱི་ཆོས་དང་རིག་གནས། ལུགས་སྲོལ་གོམས་གཤིས་སོགས་ཉམས་རྒུད་དུ་འགྲོ་བཞིན་པ་དང་། བཙན་བྱོལ་གཞུང་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱང་འཛམ་གླིང་ གི་ཁོར་ཡུག་ཆེན་པོའི་རིག་གནས་སྣ་མང་གི་གནོན་ཤུགས་འོག་བོད་རང་གི་ཐུན་མོང་དང་ ཐུན་མོང་མ་ཡིན་པའི་ཆོས་རིག་དང་།ཀུན་སྤྱོད་སོགས་ལ་ཚོརཤེས་ཟིན་མིན་གྱི་བར་ནས་ དོ་སྣང་བྱེད་རྒྱུའི་འདུ་ཤེས་དང་ཡང་ན་གོ་སྐབས་མེད་པར་གྱུར་ཏེ་བོད་ཕྱི་ནང་ གཉིས་ཀ་ནས་མི་རིགས་འདིའི་རིག་གནས་ཐད་ལ་ཉམས་རྒུད་ཆེན་པོ་ཐེབས་བཞིན་པ་དེར་ ཉམས་པ་སོ་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་རྒྱུའི་ཕྱོགས་ལ་ཞབས་ཞུ་ཏོག་ཙམ་རེ་ བསྒྲུབ་རྒྱུའི་རེ་འདུན་དང་ཕུགས་བསམ་བཅས་ཡོད།རྩོམ་སྒྲིག་ལྟེ་གནས་འདི་ཉིད་ ཀྱིས་ལོ་ངོ་འདི་དག་གི་རིང་། རྩོམ་སྒྲིག་ དང་པར་བསྐྲུན་བྱས་ཟིན་པའི་དཔེ་དེབ་ཁག་ནི་<<གློག་ཀླད་ཀྱི་རྨང་གཞིའི་ ཤེས་བྱ།>><<དག་གསར>> <<ཁ་བ>>དང་།<<རྩ་ བའི་བླ་མར་སྒྲོ་སྐུར་གྱིས་དམའ་འབེབས་གཏོང་མཁན་ལ་ཆོས་པ་ཚོས་ཀྱང་བཟོད་སྒོམ་ བྱེད་མི་འོས་པ>><<འཇགས་མི་སྲིདཔའི་བཞུར་རྒྱུན>><< ཚོར་བའི་ཕ་བོང>><<སྐུ་དྲག་གི་སྒོ་འགྲམ>><<གཉིད་ འགུག་འགག་གི་མཚར་སྒྲུང>><<ཨན་ན་ཁ་རེ་ནེ་ན>><<སྤྱང་ མོའི་རྐང་རྗེས་འཚོལ་བ>><<ས་ཆེན་གྱི་སྨྲེ་ངག>><<བང་སོ>><<རོ་ལངས>><<ཁྱིམ་མཚེས་དང་ཆ་ཤས>><<བོད་གདངས་སུ་གྱེར་བའི་སྙན་རྩོམ>><<ཐུ་བྷོད་ སྤྱི་ཚོགས་ཀྱི་བུད་མེད་ཐོབ་ཐང>><<སྲིད་དབང་སྒེར་འཛིན་པའི་དམངས་ གཙོ་གླེང་བར་ལྟ་བ>><<བཅོམ་ལྡན་འདས་ཐུབ་པའི་དབངབོའི་མཛད་པ་མདོ་ ཙམ་བརྗོདཔ>><<རྣལ་འབྱོར་བ་དང་འཁོར་བ>> སོགས་བརྡ་དག་དང་། ལོ་རྒྱུས།སྙན་ངག་དེ་བཞིན་དུ་བསྒྱུར་རྩོམ། དཔྱད་བརྗོད། དུས་དེབ་སོགས་དཔེ་དེབ་ ཁག་བཞི་བཅུ་མ་ཟིན་ཙམ་ཞིག་རྩོམ་སྒྲིག་དང་པར་བསྐྲུན་བྱས་ཡོད་པ་བཅས་གནས་ཚུལ་མདོར་བསྡུས་སུ།

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་ལས་བྱེད།
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )