གད་ཐོག་ནས་ལུ་གུ་རྩེད་རྩེད།།
གད་འོག་ནས་ཁངས་སྐྱ་འབབ་འབབ།།
༼ཅི་ཁེད༽
མ་སྐྱེས་མ་མོའི་སྙིང་འདྲ་བ།།
སྐྱེས་ན་ཤ་བོའི་རྭ་འདྲ་བ།།
༼ཅི་ཁེད༽
ལྟ་བ་ཚང་གི་ལྟག་རྒྱབ་ན།།
ཉན་པ་ཚང་གི་སྒོ་ཁ་ན།།
རྟ་ར་ར་བྱི་རུའི་སྒ་བསྟད་ཅིག།
༼ཅི་ཁེད༽
མཛོ་མོ་སྔོན་མོ་རྭ་གཅིག་མ།།
སྡེ་བ་བརྒྱ་ཡི་རྩྭ་གཟན་མ།
ཅི་ཁེད༽