རྒྱལ་གཅེས་ལྷག་བློ་ཅན་བསམ་འགྲུབ་རྒྱ་མཚོ་ མཆོག་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་འདུག

འདི་ལོར་ལྷ་ལྡན་གཙུག་ལག་ཁང་གི་ མདུན་ཐང་དུ་སྐད་འབོད་བྱས་མཁན་བསམ་འགྲུབ་རྒྱ་ མཚོ་ལགས་རྒྱ་ནག་གཞུང་གིས་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག བསམ་འགྲུབ་རྒྱ་མཚོ་ལགས་ནི་ཕྱི་ལོ༡༩༨༢ལོར་བོད་མདོ་སྨད་མཚོ་བྱང་བོད་རིགས་རང་ སྐྱོང་ཁུལ་ཟེར་བའི་མདའ་བཞི་རྫོང་གསེར་ཐང་སྡེ་བའི་ཕ ལྷ་འབུམ་དང་མ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་སྡེ་བ་དེའི་སློབ་ཆུང་དུ་ལོ་འགའི་རིང་སློབ་སྦྱོང་བྱས། ཕྱི་ལོ༡༩༩༦ནས་བཟུང་ལོ་བཞིའི་རིང་ལཱ་མོ་ཞབས་དྲུང་སྒར་ཐོག་དགོན་དུ་སློབ་གཉེར་ བྱས། རྗེས་སུ་ཕྱི་ལོ་༢༠༠༧ལོའི་ཟླ་༡༡པའི་ནང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་ཤེས་ རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་ཙམ་ལ་སློབ་སྦྱོང་བྱས། ནད་མནར་གྱི་དབང་གིས་ཕྱི་༢༠༠༩ལོར་ཕྱིར་རང་ཡུལ་དུ་ལོག་སྐབས་རྒྱ་གཞུང་གིས་རྒྱ་ གར་གནས་སྡོད་བྱས་པ་དང་། ༧གོང་ས་མཆོག་བཀའ་སློབ་བོད་དུ་ཁྱེར་ཡོང་ཡོད་པའི་ཉེས་མིང་འོག་ཟླ་བདུན་རིང་ གྲྭ་བཞི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་བྱས་མྱོང་། དེ་རྗེས་ཀློད་གྲོལ་བྱས་ནས་རང་ཡུལ་དུ་ལོག་ཐུབ་ཙམ་རེད། རྗེས་སུ་ས་དེ་ནས་ཀྱང་སུན་བཙུར་དང་ཉིན་ལྟར་ཐོ་འགོད་དེ་བཞིན་དུ་རྒྱ་སྒོར་ཆིག་ ལྷག་གི་ཆད་པ་བཅད་པ། སྡེ་མི་ཚོར་འགན་ལེན་བྱེད་དུ་བཅུག་པ་སོགས་བྱས་ནས་སྡོད་ཐབས་མེད་པར་ཕྱིར་ལྷ་ སར་འབྱོར། སྐབས་དེར་ཁོང་གིས་བོད་མི་རིགས་ཀྱི་བདེན་མཐའི་ཆེད་དུ་ཞི་བའི་སྐད་འབོད་བྱེད་ རྒྱུ་སེམས་ཐག་བཅད་འདུག༔ གནས་ཚུལ་དེའི་སྐོང་ངྷ་སར་གནས་སྡོད་བསྟན་པ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་ མཁོ་སྤྲོད་གནང་བ་ལྟར་ན། འདི་ལོ་ཕྱི་ཟླ་ ༥ པའི་ཚེས་ ༢ ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་སྐད་འབོད་བྱས་མཁན་གྱི་བོད་རིགས་གཞོན་ སྐྱེས་བསམ་འགྲུབ་རྒྱ་མཚོ་ལགས། ཉིན་དེར་འཛིན་བཟུང་བྱས་རྗེས་ཁོང་གི་ནང་མིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ ཡང་ཤེས་རྟོགས་མ་བྱུང་བར་ཟླ་གཅིག་ལྷག་འགོར་ཡོད་ཀྱང་། ཁས་ཉིན་འབྲེལ་ཡོད་མི་སྣ་ཞིག་གིས་ལྷ་ས་ནས་ཁོང་གི་ནང་མིར་ཁ་པར་བརྒྱུད་བརྡ་ལན་ སྤྲད་དེ་ད་ལྟ་ཁོང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ ཚུལ་ཤེས་རྟོགས་བྱུང་ཡོད་པར་མ་ཟད། གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་གཟུགས་པོའི་གནས་སྟངས་སྐྱོ་བོ་ ཡིན་ཚུལ་དང་། གཞན་རྒྱ་གཞུང་གིས་ཁོང་ལ་དྲག་སྤྱོད་པའི་ཉེས་མིང་བཀལ་ཏེ་བཙོན་ཁང་དུ་གཉེན་ཉེ་ དང་འབྲེལ་ཡོད་མི་སྣ་སུ་ལའང་ཐུག་འཕྲད་བྱེད་མི་ཆོག་པའི་སྐོར་བརྗོད་ཡོད་འདུག་ ལ། དེ་བཞིན་ཐེངས་འདིར་ཁོང་སྔོན་མ་ལྟར་ལྷ་ས་ནས་ས་གནས་ལ་རྩིས་སྤྲོད་བྱ་མིན་གྱི་ ཐད་དཀའ་ངལ་གནས་སུ་གྱར་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ཐག་གཅོད་མིན་གྱི་གནས་ཚུལ་མེད་ཀྱང་། གལ་སྲིད། ཁྲིམས་ཐག་བཅད་ཚེ་ཁྲིམས་ཆད་ལྗིད་མོ་གཅོད་སྲིད་པའི་སྐོར་ཁོང་གི་ནང་མིར་འགྲེལ་ བརྗོད་གནང་ཡོད་འདུག

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )