བོད་མདོ་སྨད་ཁུལ་དུ་སློབ་མའི་འོས་ལངས།

བོད་མདོ་སྨད་ཁུལ་དུ་སློབ་མའི་འོས་ལངས། ཉེ་བའི་ལོ་གཅིག་གི་གོང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་སོགས་མི་མངོན་པའི་ལམ་ནས་མེད་བརླགས་རྩ་གཏོར་གཏོང་ཐབས་ཀྱི་ལས་ འགུལ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་ལ། དེ་བཞིན་བོད་ཁུལ་གྱི་ས་གནས་ཡུལ་ལུང་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་གི་ཁྱབ་ ཁོངས་སློབ་གྲྭ་རྣམས་ཀྱི་ནང་དུའང་། བོད་ཡིག་དེ་ཉིད་བེད་མེད་མཐོང་མེད་དུ་བརྩིས་ནས་བོད་སྐད་ཡིག་སློབ་དེབ་ཡོངས་ སུ་མེད་པ་བཟོ་རྒྱུའི་འཆར་ཟིན་དེ། ད་ཆར་དངོས་སུ་ལག་བསྟར་བྱ་བཞིན་ཡོད་པས། བོད་མི་རྣམས་ཀྱིས་བཙན་གནོན་དང་དྲག་ཤུགས་ཀྱི་ཁྲོད་ནས་མི་འདོད་པའི་རྣམ་འགྱུར་ ཤུགས་ཆེར་སྟོན་བཞིན་པ་དང་། ལྷག་དོན་མདོ་སྨད་ཁུལ་གྱི་ས་གནས་མང་པོ་ཞིག་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱེད་བཞིན་འདུག ཕྱི་ལོ༢༠༡༠ལོའི་ཟླ༡༠ཚེས་༡༩ཉིན་བོད་མདོ་སྨད་རེབ་གོང་ཁུལ་དུ་སློབ་ ཕྲུག་སྟོང་ཕྲག་བརྒལ་བས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་ཞེས་པའི་འབོད་ ཚིག་འོག་ངོ་རྒོལ་འོས་ལངས་ཆེན་པོ་ཞིག་བྱས་འདུག དེ་ལ་རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་གྱིས་གཙོས་པའི་སློབ་གྲྭ་ཆེ་ཁག་ ཚང་མའི་སློབ་མ་རྣམས་མཉམ་ཞུགས་བྱས་ཡོད་པས། སློབ་ཕྲུག་སྟོང་བརྒལ་བར་འདུག འབོད་ཚིག་ནི་མི་རིགས་འདྲ་མཉམ། སྐད་ཡིག་དར་སྤེལ་ཟེར་བ་དང་ཡང་མི་རིགས་འདྲ་མཉམ།སྐད་རིགས་རང་དབང་ཟེར་བ་དེ་རེད་འདུག ཉིན་དེར་རྒྱ་གཞུང་གི་དམག་མིའམ་ཉེན་རྟོགས་པ་རླངས་འཁོར་ཆེ་ཆུང་ཉི་ཤུ་སུམ་ཅུ་ ཙམ་ཐོན་ཡོད་ལ་གནས་སྐབས་འཛིན་བཟུང་སོགས་གང་ཡང་བྱས་མེད་ཚོད་འདུག

ཕྱི་ལོ་༢༠༡༠ ལོའི་ཟླ༡༠ཚེས་༢༠ཉིན་ཡང་བོད་མདོ་སྨད་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་ གྲྭཆེན་མོ་དང་། མཚོ་ལྷོ་དགེ་འོས་སློབ་གྲྭ མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་། ཁུལ་གསོ་རིག་སློབ་གྲྭ་ ཁུལ་ལས་རིགས་སློབ་གྲྭ མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ། མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ། མགོ་ལོག་ཁུལ་མི་རིགས་སློབ་འབྲིང་། གཞན་ཆབ་ཆ་རྫོང་མི་རིགས་སློབ་འབྲིང་གི་ འཛིན་གྲྭ་གཉིས་བཅས་ ཁྱོན་སློབ་མ་སུམ་ སྟོང་ལྷག་སོ་སོའི་སློབ་གྲྭའི་རྩེད་ཐང་དུ་འཛོམས་ཏེ་ངག་བཅད་ཀྱི་ངོ་རྒོལ་གཞི་ རྒྱ་ཆེན་པོ་ཞིག་བྱས་ཤིང་། དེའི་རྗེས་སློབ་མ་རྣམས་རུ་བསྒྲིགས་ཏེ་ཆབ་ཆ་རྫོང་སྲིད་གཞུང་ནས་ཁུལ་སྲིད་ གཞུང་གི་སྒོ་ཆེན་བར་ཞི་བའི་གོམ་བགྲོད་བྱས་འདུག ངོ་རྒོལ་གྱི་དུས་ཡུན་ཆུ་ཚོད་བཞི་ཡི་རིང་གནང་འདུག་ལ་ཁོང་ཚོས " བོད་ཡིག་གི་བདག་དབང་ཕྱིར་སྤྲོད་རོགས། " ཞེས་པའི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག གཞན། མདོ་སྨད་རྩི་གོར་ཐང་སློབ་འབྲིང་གི་སློབ་མ་ཚོས་ཀྱང་འདི་ལྟར་ཞི་བའི་ངོ་རྒོད་ བྱས་ཡོད་པ་མ་ཟད། མཚོ་སྔོན་ཟི་ལིང་དང་། ཁྲི་ཀ་རྫོང་། སོགས་ས་གནས་འདྲ་མིན་ནང་འདི་ལྟར་སློབ་མ་ཚོས་ཀྱང་ངོ་རྒོལ་སྐད་འབོད་ཀྱི་གནས་ ཚུལ་སྤངས་ལ་མེ་ཤོར་བཞིན་རིམ་པར་ཆེ་ ཆེར་འགྲོ་བཞིན་འདུག འདི་ནི་རྒྱ་ནག་དམར་པོའི་གཞུང་གི་ གཅིག་སྡུད་གཅིག་གྱུར་གྱི་སྲིད་ཇུས་སྟར་སྣང་ མ་དེས་མཇུག་འབྲས་ཡིན་ལ། བོད་མི་རིགས་ཐེ་བས་གྲངས་ཉུང་མི་རིགས་ཚོ་རྩ་མེད་ཤུལ་མེད་གཏོང་བའི་ལྐོག་གྱུར་ གྱི་གཡོ་ཇུས་ཆེན་པོ་དེ་འཛམ་གླིང་མི་མང་གི་མིག་མདུན་ནས་ལྷང་ལ་བུད་པ་ཞིག་ཀྱང་ རེད།
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )