ཆོས་བྱེད་མི་སྣ་སུམ་བརྒྱ་ཙམ་བཀག་ཉར།

ཉེ་ཆར་ཁམས་ལི་ཐང་ཡིན་པའི་མི་༣༠༠ ཙམ་ཞིག་རྐྱང་ཕྱག་འཚལ་ཏེ་ལྷ་སར་འབྱོར་དུས་བོད་མི་མང་པོས་དགའ་བསུ་ཞུས་སྟབས་ རྒྱ་ནག་གཞུང་གི་ཉེན་རྟོག་པས་ཀུ་རུ་ཟམ་པ་རུ་བཀག་འགོག་བྱས་ནས་ཕྱག་འཚལ་བཞིན་ གྲོང་ཁྱེར་ནང་དུ་བཏང་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་ཁམས་ལི་ཐང་གི་ཡུལ་མི་༣༠༠ བརྒལ་བ་ཞིག་གིས་རྐྱང་ཕྱག་འཚལ་ཏེ་འབའ་ཐང་དང་སྨར་ཁམས་སོགས་བརྒྱུད་ནས་ལྷ་སར་ སོང་ཡོད་ཀྱང། ཐོག་མའི་རེ་བ་ལྟར་རྐྱང་ཕྱག་འཚལ་ཏེ་ལམ་བར་ནས་ལྷོད་ལྷོད་བྱས་ཏེ་བསྐྱོད་མ་ཐུབ་ པར་རྒྱ་ནག་སྲིད་གཞུང་གི་དུས་ནས་དུས་སུ་ལྟ་རྟོགས་ཞིབ་བཤེར་འོག་རང་དབང་གི་ འགྲོ་བཅུག་མེད་པ་དང། ནམ་རྒྱུན་རྒྱ་ནག་གཞུང་གིས་བོད་མི་མང་མཉམ་འཛོམས་བྱས་པའི་སྐབས་སུ་མི་རིགས་ཁ་ བྲལ་བ་རེད་ཅེས་བསྙོན་འཛུགས་བྱེད་ཀྱི་ཡོད་ནའང། རྐྱང་ཕྱག་འཚལ་ཏེ་ལྷ་སར་འགྲོ་བ་ནི་བོད་མིའི་ཆོས་ལུགས་བྱེད་སྒོ་དང་འབྲེལ་བའི་ ཡུལ་སྲོལ་ཞིག་ཡིན་པ་ལས། མི་རིགས་ཀྱི་རང་དབང་གི་འཐབ་རྩོད་དང་འབྲེལ་བ་ཅི་་ཡང་མེད་ནའང། བཀག་འགོག་བྱས་པ་རེད་ཅེས་འབྲེལ་ཡོད་ཀྱིས་བརྒྱུད་ལམ་ཁག་ཏུ་་འགྲེལ་བརྗོད་བྱས་ འདུག །

བོད་ཀྱི་བང་ཆེན་ལས་དྲངས།

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )