ལོངས་ཤོག རྩོམ་པ་པོ། འོད་དཀར། ་་་་་་སེར་ར་དགོན།

ལང་ཚོའི་ཚེ་སྲོག་ཤོར་བའི་གངས་ཅན་གྱི་དཔའ་བོ་རྣམས
ཡུལ་གྱར་བའི་མི་རིགས་ཤིག་གིས     གནས་འདིར
དུང་སེམས་ཀྱི་ངུ་ངག་སྒྲོག
འདི་ནི  ཁྱེད་ཅག་ལ་མི་ཡུལ་འདིར་བརྩེ་བའི་འདུན་པ
འདི་ནི  ཁྱེད་ཅག་ལ་ཡུལ་འདིར་བཀོད་པའི་དངན་པ
མི་རིགས་གཅིག་གི་ལྷག་བསམ་གྱི་དྲན་ཤིང     རྟག་བརྟན་གྱི་རྨ་ཁ་ཡིན
དཔའ་ངར་གྱི་ལོ་རྒྱུས་རྡོ་ལ་བཀོད་དེ་མི་རབས་ཕྱི་མའི་དྲན་རྟེན་དུ་ཕུལ་བ
ད་དུང  ང་ཚོས་ངུ་ངག་སྒྲོག་ལ      ང་ཚོས་ཀི་སྒྲ་སྒྲོག་འདོད
གཅིག་རྒྱབ་གཅིག་ལ་རྟེན་ཏེ་དུས་རབས་གསར་བའི་གཟི་འོད་བསུ་འདོད
འབྱུང་འགྱུར་གྱི་གཏན་ཚིག་འདིས་མི་རིགས་ཤིག་གཉིད་ལས་དཀྲོགས
ཚེ་སྲོག་ཤོར་བའི་དཔའ་བོ་ཚོ        མི་རོ་དང་ཁྲག་གི་གསེབ་ནས        གཟིགས་དང
འདི་ནའང་གངས་རིའི་དཔའ་རྒོད་ཚོ མི་ཁྲག་དང་མེ་མདའི་ཁ་ནས
རང་སྲོག་འབེན་ལ་བཙུགས་ཏེ          
རང་གི་ཕ་ས་རང་ངཉིད་ལ་དབང་འདོད་ལ    རང་གི་མི་རིགས་རང་གིས་སྐྱོབ་འདོད
འདི་ལྟར་ཆས་འགྲོ་དཔའ་རྒོད་ཚོ
སྐུ་སྲོག་ཕངས་མེད་དུ་དོར་བ་འདིས  ང་ཚོ་ལ་བདེན་པའི་ཉི་མ་ཤར་ཡོང
དཔའ་རྒོད་ཚོར་རྗེས་དྲན་ཞུ

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )