ལྷ་ས་དྲན་པ། རྩོམ་པ་པོ། གསེར་ཟླ་འོད།་་་༼འབྲས་སྤུངས་དགོན༽

གཙང་པོའི་འཁྱིལ་ཁུགས་ཤིག་ན མེ་ཏོག་བཞིན་བཞད

ལམ་འགྲམ་གྱི་ཁྲོམ་གཞུང་དཀྱིལ་དུ

ཕྱིར་ལྡོག་མི་འདོད་པའི་ལམ་འགྲོ་འགའ

ཁུ་སིམ་མེར་གནས་ཀྱང

ད་ལོར

ཐག་རིང་ཐག་རིང་ནས་འོང་བའི་འགྲུལ་བཞུད་དམག་འཁོར་ལས

ཀི་སྒྲ་དང་མེ་མདའ་མཉམ་དུ་འཐབ་པས

སླར་ཡང སྔོན་མ་སྔོན་མའི་ལྷ་ས

ང་དགུའི་ལྷ་ས་དྲན་སོང

ཆུ་གཉེར་བཞིན་གཡོ་བའི་སེམས་པ་འདིས

འདས་སོང་གི་ལོ་ཟླ་ཅི་ཞིག་དྲན་ནམ
འབར་བཞིན་པའི་མེ་ལྕེ་ཞིག
དབུས་གཙང་ནས་ཨ་མདོ་དང
ཨ་མདོ་ནས་ཁམས་ཕྱོགས་སུ་མཆེད
སྐབས་འདི་འདྲ་ལ
ང་ཚོས་ལྷ་ས་དྲན་ཞིང
ལྷ་སའི་ཕྱོགས་སུ་མིག་ཆུ་བཞུར

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )