ཁྱབ་བསྒྲགས་ར་བ།
ཐོག་མའི་གཏམ།

ང་རང་འགྲིམས་ཟིན་པའི་ཀྱག་ཀྱོག་གི་ལོ་ཟླའི་ནང་ཕྱི་མིག་ཅིག་བལྟས་ ན། འདས་ཟིན་གྱི་ལོ་ཟླའི་ནང་བཞུར་མྱངས་པའི་རང་ཉིད་ཀྱི་ཐོལ་བྱུང་གི་ཚོར་སྣང་དང་ མཐོང་སྣང༌། བསམ་ཚུལ་དག་ཉིན་ཐོའི་གཟུགས་རིས་སུ་དོད་པ་འདི་རྣལ་འབྱོར་པ་དང་འཁོར་བའི་ལྟེབ་ ཁུགས་ན་དྲིལ་ཞིང༌། སྐབས་རེར་རྣལ་འབྱོར་པས་འཁོར་བ་བསྐོར་ནས་སེམས་ནང་གི་སྐད་ཆ་ཁ་ཤས་བཙིར་ནས་ བྲིས་པ་དང༌། ཐེངས་རེར་འཁོར་བས་རྣལ་འབྱོར་པ་བསྐོར་ནས་སེམས་ནང་གི་ཁ་བརྡ་འགའ་ཤས་བཞུར་ནས་ བྲིས། འདི་ལྟར་རྣལ་འབྱོར་པ་དང་འཁོར་བས་ཕན་ཚུན་བསྐོར་ཞིང་ཕན་ཚུན་འཁོར། དབྱེར་མེད་གཅིག་ཏུ་འདྲེས་ཤིང་གཅིག་ཏུ་འཁོར། དབྱེར་མེད་གཅིག་ཏུ་བཞུར་ཞིང་གཅིག་ཏུ་དོད་པའི་ཧ་ཅང་ཕལ་བ་ཕལ་བའི་གང་ཟག་ཅིག་ གི་རྣམ་རྟོག་གི་འགྱུ་བར་རྩེན་པའི་ཆགས་སྡང་རྨོངས་གསུམ་ལུགས་འབྱུང་ལྡོག་ཏུ་ བྲིས་པའི་ཆེས་ཉམ་ཆུང་བའི་རྣམ་ཤེས་ཤིག་གི་ངུ་དགོད་ཅིག་གམ། ཡང་ན་དགའ་སྐྱོའི་སེམས་ཚོར་རླངས་གཟུགས་སུ་ཤར་བའི་ཆེས་ཐོག་མའི་འཁྱུག་བྲིས་ ཤིག་ཡིན་ངེས་ན། དུག་གསུམ་གདོན་གཟུགས་སུ་ཕབ་པའི་ཚིག་གི་ཕོན་པོ་ཞིག་གམ། དད་གསུམ་དག་སྣང་དུ་འཕྲོས་པའི་དོན་གྱི་ཚོམ་བུ་གང་ཞིག་ཏུ་འགྲེལ་མིན་བཀུར་འོས་ ཀློག་མཁན་ཁྱོད་ཀྱི་ཐོབ་སྐལ་ཁོ་ན་ཡིན་ཞིང༌། ཁྱོད་ལ་ཚིག་དུམ་རེས་དགའ་སྐྱོའི་ཚོར་སྣང་ཐན་ཐུན་རེ་སྤྲོད་ཐུབ་པ་བྱུང་ན། དེ་ནི་ངས་ང་རང་གི་འཇོན་ཐང་ངོ་མ་ཡིན་བསམ་བཞིན་ཡོད།

 
 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )