༧སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་
རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

མདོ་སྔགས་བསྟན་པའི་མངའ་བདག་འཇམ་མགོན་བླ་མ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཡབ་དམ་ པའི་རྣམ་སྤྲུལ། དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ།་རྗེ་ཙོང་ཁ་པ་ཆེན་ པོའི་འཁྲུངས་ཡུལ་སྐུ་འབུམ་དགོན་པའི་དགོན་བདག༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་མཆོག་ནི།་ཕྱི་ལོ1950ལོར་ཨ་མདོ་མཚོ་ སྔོན་མདའ་བཞི་བྷེ་ཟི་ཞེས་པའི་ཆེན་པོ་ཧོར་གྱི་སོག་སྡེ་རུ་ཡབ་དཔལ་ལྡན་དང་ཡུམ་ ཚེ་བཟང་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས།དགུང་ལོ་གཉིས་པར་༸ཀུན་གཟིགས་པཎ་ཆེན་ ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གིས་ཨ་ཀྱཱ་ཧུ་ཐོག་ཐུ་སྐུ་ཕྲེང་བརྒྱད་ པའམ་ཉེར་གཅིག་པའི་༼རྩི་ཚུལ་ལ་གཉིས་ཡོད༽ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཕྱི་ ལོ1952ལོར་རྗེ་སྐུ་འབུམ་དུ་གསེར་ཁྲིར་མངའ་གསོལ།ཁོང་ཉིད་ནས་༸ཡོངས་འཛིན་རྒྱ་ ཡག་རིན་པོ་ཆེ་དང་།༸སྐྱབས་རྗེ་དམ་པ་སྟག་འཚེར་རིན་པོ་ཆེའི་ཡོངས་འཛིན་༸ཁོང་ ཚུལ་ཁྲིམས་ལྷག་བསམ་རྣམ་གཉིས་བཤེས་གཉེན་དུ་བསྟེན་ནས་ཐོས་བསམ་རྒྱ་ཆེར་མཛད།༸ གོང་ས་རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོས་མདོ་སྨད་དང་གཙང་སོགས་ཀྱི་བླ་མ་དགེ་བའི་ བཤེས་གཉེན་མང་པོ་ལས་དབང་ལུང་མན་ངག་སོགས་ཐོབ་པའི་སྐལ་བཟང་ལྡན།

ཕྱི་ལོ1958ལོར་ དམངས་གཙོ་བཅོས་བསྒྱུར་ཅེས་པའི་ལས་འགུལ་ཁྲོད་རྒྱ་ཡིག་སློབ་གྲྭར་ཕེབས་དགོས་ བྱུང་།ཕྱི་ལོ་1966ལོར་རིག་གནས་གསར་བརྗེ་ཆེན་པོས་དུས་རླུང་ནང་ལོ་ངོ་བཅུ་ དྲུག་ཙམ་གྱི་རིང་ལ་ཞིང་ལས་ཐོན་སྐྱེད་ཁྲོད་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ནས་ སྐུ་ངལ་མང་པོ་མྱང་མྱོང་།རྗེ་ཉིད་ཀྱི་དཀའ་ཚེགས་ཀྱི་ལོ་ཟླ་རིམ་པར་བརྒྱུད་པའི་ དུས་རིམ་གྱི་ཁྲོད་བོད་བརྒྱུད་ནང་བསྟན་རིག་གནས་གཙོས།སོག་ཡིག་དང་རྒྱ་ཡིག་་ དབྱིན་ཡིག་སོགས་ལ་སྦྱངས་པ་མཛད།ལྷག་པར་དུ་ནང་དོན་རིག་པའི་བཟོ་རིག་ལ་ཕུལ་དུ་ བྱུང་བའི་བྱང་ཆ་མངའ་བས།སྐུ་འབུམ་དགོན་པ་སླར་གསོའི་མཛད་རིམ་ནང་ཁོང་གིས་བོད་ ཀྱི་ནང་དོན་རིག་པའི་བཟོ་རྩལ་མང་པོ་དང་ཨར་ལས་ཇུས་འགོད་ཀྱི་ལག་རྩལ་སྤྱད་ནས་ འཛམ་གླིང་ནང་གི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེ་ཤོས་དེ་བཞེངས་ཤིང་རྗེ་ ཙོང་ཁ་པའི་སྐུ་གདུང་དཀྱིལ་འཁོར་གྱི་ཐུགས་རྟེན་དུ་གདན་འདྲེན་གནང་ཡོད།

༸སྐྱབས་ རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་བོད་དུ་བཞུགས་སྐབས་སུ་སྐུ་འབུམ་དགོན་པའི་ དགོན་བདག་དང་།དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན།མཚོ་སྔོན་ཞིང་ཆེན་ གཞོན་ལྷན་གྱི་གཙོ་འཛིན་གཞོན་པ།མཚོ་ སྔོན་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ།རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ ཀྱི་ཨུ་ཡོན་བཅས་ཀྱི་ཆེས་མཐོའི་གོ་གནས་མང་པོ་ཐོབ་མྱོང་།༸པཎ་ཆེན་རིན་པོ་ཆེའི་ སྐུ་ཚབ་ལྟ་བུར་རྒྱ་ནག་རྒྱལ་ཡོངས་ནང་པའི་ཆེས་མཐོའི་དབུ་འཛིན་ཞིག་ལ་བསྐོ་བཞག་ གིས་རྒྱ་ནག་གི་སྲིད་དོན་པ་ཚོས་ཁོ་ཚོའི་སྲིད་ཐོག་གི་ལག་ཆ་གཙོ་བོ་ཞིག་ཏུ་ འགྱུར་བར་རེ་བ་ཆེན་པོ་བྱས་ཀྱང་།རྗེས་སུ་ཕྱི་ལོ1998ལོར་པཎ་ཆེན་ཆུང་སྲིད་ཀྱི་ ཡང་སྲིད་རྫུན་མ་བསྐོ་བཞག་ཐད་ཀྱི་འགལ་ཟླའི་དབང་གིས་ཨ་རིར་བཙན་བྱོལ་དུ་ཕེབས་ ཏེ་ཁ་ལི་ཧྥོ་ཉིས་ཡར་བཞུགས་དགོས་བྱུང་ལ།ཕྱི་ལོ2005ལོར་༸སྤྱི་ནོར་གོང་ས་ སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིིས་བཀའ་སློབ་གལ་ཆེན་བསྩལ་གནང་བྱུང་བའི་བཀའ་ དགོངས་བཞིན་ད་ལྟ་ཨ་རིའི་དབྱིན་ཊིས་ཨན་ནཱིའི་ས་ཁུལ་དུ་བོད་ཀྱི་རིག་གཞུང་ བསྟི་གནས་ཁང་གི་འགན་འཛིན་བྱེད་མུས་ངང་རྒྱལ་བསྟན་མཛད་པ་རྒྱ་ཆེར་སྐྱོང་བཞིན་ བཞུགས་ཡོད།

བོད་སོག་རིག་གཞུང་བསྟི་
གནས་ཁང་།
༧ཨ་ཀྱཱ་རིན་པོ་ཆེའི་མཛད་
རྣམ་དབྱིན་ཡིག་སྟེང་པར་
སྐྲུན་བྱས་ཟིན་པ།
མཛད་འཆར།
བོད་ཡིག་ཐོག་པར་སྐྲུན་བྱེད་
འཆར་ཡོད་པའི་མཛད་རྣམ་
འབྲུག་སྐད་ཞི་བའི་ཁ་བ།
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )