ཁྱབ་བསྒྲགས་ར་བ།

བོད་ཀྱི་རིག་མཛོད་མཉེན་ཆས་འགྲེམ་སྤེལ་གྱི་གསལ་བརྡ། [རྩོམ་གྱི་ཡོང་ཁུངས། བོད་ཀྱི་རིག་མཛོད་དྲ་བ།]

བོད་ཀྱི་ཤེས་རིག་ལ་ཐུགས་སྣང་མཛད་མཁན་རྣམ་པར་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་ སྨོན་འདུན་དང་སྟབས་བསྟུན་ནས། ངེད་ཐུན་གཉེར་ཁང་གིས་བཟོས་པའི་བོད་ཀྱི་རིག་མཛོད་ ཚོད་ལྟའི་མཉེན་ཆས་དེ་དྲྭ་ ལམ་བརྒྱུད་གཟིགས་འབུལ་ཞུས་ཡོད་པས་ཁྱེད་རྣམས་ཀྱིས་ཐུགས་ཁུར་དང་དགོངས་འཆར་ གྱི་རོགས་སྐྱོར་གནང་རོགས་ཞུ་ཞུ། ངེད་ཐུན་གཉེར་ཁང་གི་འཆར་གཞི་ནི། ཁྱེད་རྣམས་ཀྱི་དགོངས་འཆར་ཕྱོགས་བསྡུ་ཞུས་ནས་སྤུས་ཚད་རན་པར་གྲུབ་རྗེས་དེང་ རབས་ཀྱི་འཕྲུལ་རིག་བེད་སྤྱད་ནས་བོད་རང་གི་རིག་གནས་ལ་ཞབས་ཞུ་སྒྲུབ་པའི་རང་ གི་དཀའ་སྤྱད་ཀྱི་འབྲས་བུ་དེས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཐུན་ རྐྱེན་བསྐྲུན་པའི་འོར་ད། དེ་ཉིད་རིན་ཐང་འོས་འཚམས་གཞལ་ནས་བཙོང་རྒྱུ་དང་བོད་ཀྱི་རིག་གནས་ལས་བཟོ་པ་ རྣམས་ལ་རྒྱུན་མཐུད་རང་བཞིན་གྱི་གཞི་རྐང་བཙུགས་ནས། དགོས་མཁོ་བསྟུན་ཏེ་རིམ་བཞིན་ཇེ་ལེགས་སུ་གཏོང་བར་མ་ཟད། མུ་མཐུད་དུ་བོད་ཡིག་སྒྱུར་ཆས་དང་། ཞུ་དག་མཉེན་ཆས། མིང་ཚིག་ལྡེ་མིག ཡིག་སྒྱུར་མཉེན་ཆས། ས་རིས་རྩིས་གཞོང་། དཔེ་མཛོད་སོགས་མཁོ་གལ་ཆེ་བའི་མཉེན་ཆས་གཞན་དག་གསར་སྤེལ་གྱི་ལས་ཀ་སྒྲུབ་པ་དང་ རྩིས་འཁོར་རྩ་སྒྲུབ་ལ་སློབ་འདུན་ཅན་གྱི་གཞོན་ནུ་སྐོར་ཅིག་སྐྱེད་སྲིང་བྱེད་ པའི་མཐུན་རྐྱེན་བསྐྲུན་པ་བཅས་ཡིན། འདི་ནས་དོ་པོ་བརྒྱབ་པའི་མཉེན་ཆས་བོད་ཡིག་གློག་རྡུལ་ཚིག་མཛོད་ལེན་ རོགས་ཞུ། eBook_And_NET Framework-2.0.rar ཡུལ་ཤུལ་ཁུལ་ཨེ་ཝཾ་ཚན་རྩལ་རིག་གནས་གསར་སྤེལ་ འགན་འཁྲི་ཚད་ཡོད་ཐུན་གཉེར་ཁང་གིས།

 
 
 
 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )