རྒྱུན་ཤེས་བང་མཛོད།

སྟབས་བདེ་གསར་འགྱུར་འབྲི་སྟངས།

གཅིག་་གསར་འགྱུར། གསར་འགྱུར་ཞེས་པ་རགས་རིམ་ཙམ་བཤད་ན་སྐབས་འཕྲད་གསར་བྱུང་གི་གནས་ཚུལ་ཇི་མ་ཇི་ བཞིན་བརྒྱུད་བསྒྲགས་བྱེད་པ་ཞིག་ལ་ཟེར་བ་དང་།ཞིབ་རྒྱས་བཤད་ན་གསར་འགྱུར་ཞེས་ པ་ནི་ཕྱི་རོལ་ཡུལ་ན་གནས་པའི་དོན་དངོས་ཞིག་ཡིན་ཞིང་།དེ་དུས་ཚོད་ཀྱི་ཕྱོགས་ ནས་སྐབས་འཕྲད་གསར་དུ་ཐོན་པ་དང་།ནང་དོན་གྱི་ཆ་ནས་གསལ་ཞིང་ངོ་མཚར་ཅན་ཡིན་པ། རིན་ཐང་གི་ཕྱོགས་ནས་ཚང་མས་དོ་ཁུར་བྱེད་པ།དགོས་མཁོ་ཡོད་པ་མ་ཟད།འགྲེམ་སྤེལ་ ངེས་པར་དུ་བྱེད་དགོས།་ཁྱད་ཆོས་ཆེ་ཤོས་ནི་དྲང་བདེན་ཡིན་དགོས་པས།དྲན་བདེན་ནི་ གསར་འགྱུར་གྱི་བླ་སྲོག་ཡིན། གཉིས།གསར་འགྱུར་གྱི་རིགས་ལ་དབྱེ་ན། 1གསར་འགྱུར་འབྱུང་སའི་ས་ཁོངས་དང་ཁྱབ་ཁོངས་ནས་དབྱེ་ན།རྒྱལ་སྤྱིའི་གསར་འགྱུར་ དང་རྒྱལ་ནང་གསར་འགྱུར་གཉིས་ཡོད། 2གསར་འགྱུར་གྱི་ངོ་བོའི་ཐོག་ནས་དབྱེ་ན།ཆབ་སྲིད་གསར་འགྱུར་དང་།དཔལ་འབྱོར་ གསར་འགྱུར།ཚན་རིག་གསར་འགྱུར།དམག་དོན་གསར་འགྱུར།སྤྱི་ཚོགས་གསར་འགྱུར།རིག་ རྩལ་གསར་འགྱུར།ལུས་རྩལ་གསར་འགྱུར།ཚོགས་འདུའི་གསར་འགྱུར་སོགས་མང་པོ་ཡོད། གསུམ།གསར་འགྱུར་གྱི་ཁྱད་ཆོས་ལ་དབྱེ་ན། དོན་ཆེན་རང་བཞིན་གྱི་གསར་འགྱུར།སྣ་གཅིག་རང་བཞིན་གྱི་གསར་འགྱར།སྣ་མང་རང་ བཞིན་གྱི་གསར་འགྱར།རྒྱུན་མཐུན་རང་བཞིན་གྱི་གསར་འགྱུར།ཐེངས་གཅིག་རང་བཞིན་ གྱི་གསར་འགྱར།དངོས་རྟོགས་རང་བཞིན་གྱི་གསར་འགྱུར།ཚུར་སྣང་རང་བཞིན་གྱི་གསར་ འགྱུར་བཅས་ཡོད། བཞི།གསར་འགྱུར་གྱི་བརྗོད་གཞིའི་ཐད་ནས་དབྱེ་ན། དཔེར་འོས་གསར་འགྱུར།ཕྱོགས་བསྡུས་གསར་འགྱུར།དཔྱད་གཏམ་རང་བཞིན་གྱི་གསར་འགྱུར། སྐྱོན་བརྗོད་རང་བཞིན་གྱི་གསར་འགྱུར། ལྔ།གསར་འགྱུར་སྤེལ་བའི་ཐབས་ཤེས་ལ་དབྱེ་ན། ངག་ཐོག་གི་གསར་འགྱུར།་ཡིག་ཐོག་གི་གསར་འགྱུར།འདྲ་པར་གསར་འགྱུར།་རླུང་འཕྲིན་ གསར་འགྱུར།བརྙན་འཕྲིན་གསར་འགྱུར་བཅས་སོ། དྲུག་་་གསར་འགྱུར་གྱི་རྩོམ་འབྲིའི་ཁྱད་ཆོས་དང་རེ་འདུན། 1བསྟན་དོན་འབུར་དུ་ཐོན་པ་དང་།ཚིག་སྦྱོར་གནད་བསྡུས་ཤིང་ཁ་གསལ་གོ་བདེ་བ་དགོས། སྤྱིར་བཏང་གསར་འགྱུར་གཅིག་གིས་དངོས་དོན་གཅིག་བརྒྱུད་བསྒྲགས་བྱེད་པའམ།གནད་ དོན་དོན་ཞིག་གསལ་བསྒྲགས་བྱེད་ཀྱིན་ཡོད། 2ཚིག་ཉུང་དོན་དྲིལ་བ་དང་།དོན་དངོས་དང་དྲང་བདེན་གྱི་ངོས་ནས་སྐད་ཆ་བཤད་པ། དགོས་ངེས་ཀྱི་སྐབས་ལ་འོས་འཚམ་ཁུམས་ལྡན་གྱི་དཔང་བརྗོད་སྤེལ་ཆོག 3འགོ་འཛུགས་སྐབས་འཆར་ཅན་གྱི་གླེང་གཞི་དུམ་བུ་ཞིག་དྲངས་ཏེ་གསར་འགྱུར་ཧྲིལ་ པོའི་བསྟན་དོན་གཙོ་བོའམ་ཡང་ན་དོན་དངོས་གསལ་བཤད་རགས་ཙམ་བྱས་ན།ཀློག་པ་པོར་དོ་ སྣང་སྐྱེ་བའི་འབོད་སྐུལ་བྱེད་པ་དང་།སྤྱི་ཁོག་རགས་ཙམ་ཤེས་སུ་འཇུག་ རྒྱུ།4སྒྲིགས་གཞི་ཚགས་དམ་ཞིང་གོ་རིམ་གསལ་བོ་དགོས།་སྤྱིར་བཏང་བྱས་ན་བྱ་དངོས་ ཀྱི་ནང་གནས་འབྲེལ་བར་གཞིགས་ཏེ་ཆེས་གལ་བོ་ཆེ་དང་།ཆེས་གསར་བྱུང་གི་བྱ་དངོས་ མས་སྔོན་ལ་འབྲི་བ་དང་།དེ་རྗེས་བྱ་དངོས་ཕབ་བ་འབྲི་དགོས།མཐར་ཆེས་མཐའ་མའི་༼ཕལ་ བ༽བྱ་དངོས་རིམ་བཞིན་བྲིས་ན་ཆོགའོན་ཀྱང་གཙོ་བོའི་ཆར་གྱུར་བ་དེ་འབུར་དུ་ཐོན་ དགོས།5དགོས་ངེས་ཀྱི་རྒྱབ་ལྗོངས་ངོ་སྤྲོད་བྱེད་པ་སྟེ།བྱ་དངོས་ཀྱི་ལོ་རྒྱུས་ རྒྱབ་ལྗོངས་དང་འབྱུང་རྐྱེན་འཕེལ་རྒྱས།འགྱུར་བ་བཅས་འདྲེས་པའི་ཁོར་ཡུག་དང་།ཆ་ རྐྱེན་དེ་བཞིན་བྱ་དངོས་གཞན་བར་གྱི་འབྲེལ་བ་བཅས་སོ།རྒྱབ་ལྗོངས་ཡིག་ཆ་ལ་ཚིག་ ཉུང་དོན་དྲིལ་བ་ཡིན་པ་ལས་ལོ་མས་སྡོང་བོ་བསྒྲིབས་པ་ལྟ་བུ་བྱས་མི་ཆོག་

༼ཞིང་ ལྗོངས་ལྔའི་སྐད་ཡིག་སློབ་དེབ་ལས་བདམས༽

ཕྲུ་གུར་ཟ་མ་ཟ་སྐབས་སྐད་ཆ་ཤོད་རྒྱུ་མེད།

ཕྲུ་གུས་ཁ་ལག་ཟ་སྐབས་ཡག་ཤོས་འབྱུང་ན་སྐད་ཆཤོད་དུ་འཇུག་རྒྱུ་མེད་ལ་དེ་བས་ངུ་ བཞིན་ཁ་ལག་བཟའ་རུ་འཇུག་རྒྱུ་མེད། ལོ་ན་ཆུང་བའི་ཕྲུ་གུའི་ལུས་པོའི་ཆ་ཤས་ཁག་མཐུན་སྦྱོར་རང་བཞིན་ཤུགས་ཆེན་པོ་ མེད་པ་དང་།ཁྱུར་མིད་གཏོང་ནུས་ཡག་པོ་དེ་ཙམ་མེད་པས་ལྟོ་ཆས་ཟ་བའམ་ཡང་ན་སྐྱུག་ སྐབས་ཟས་ཞིབ་མོ་གློ་ཡུའི་ནང་འགྲོ་སླ་པོ་ཡོད།རིགས་གཅིག་མཁས་པས་ཁྱིམ་བདག་ལ་ ཕྲུ་གུས་ཁ་ལག་ཟ་སྐབས་ཡག་ཤོས་འབྱུང་ན་སྐད་ཆ་ཤོད་དུ་འཇུག་རྒྱུ་མེད་ལ་དེ་བས་ ངུ་བཞིན་ཁ་ལག་བཟའ་རུ་འཇུག་མི་ཉན།གལ་ཏེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཚེ་ ཕྲུ་གུ་གན་རྐྱལ་དུ་འཇོག་རྒྱུ་ཚུལ་ཐོན་སྐབས་ཐད་ཀར་ཕྲུ་གུ་མགོ་མཇུག་བསློགས་ ནས་ཕྲུ་གའི་སྒལ་པར་ག་ལེར་གཞུ་དགོས།སྐྱུག་ཐེངས་མང་པོ་བྱས་ཀྱང་ལུས་པོ་ཡོངས་ ཀྱི་གནས་སྟངས་ཡག་པོ་མེད་ཚེ་ལམ་སེང་ཕྲུ་གུ་སྨན་ཁང་དུ་སྨན་བཅོས་བྱེད་པར་ སྐྱེལ་དགོས་པའི་དྲན་སྐུལ་བྱས་ཡོད།

བྱིས་པའི་སོ་བརྟན་པོ་ཡོང་བ་བྱེད་ཐབས།

1བྱིས་པའི་སོ་བརྟན་པོ་ཞིག་ཡོང་བ་བྱ་དགོས་ན་ཁོ་ཚོའི་འཚོ་བཅུད་དོ་མཉམ་པའི་ཐད་ ཡིད་གཟབ་བྱ་དགོས། 2སོ་བརྟན་པོ་ཡོང་བ་བྱེད་པ་ནི་བདེ་ཐང་གི་ནུ་སོ་ལས་བྱུང་བས་ངེས་པར་དུ་གཙང་ སྦྲར་དོ་སྣང་བྱ་དགོས། 3བྱིས་པ་སྐྱེ་མ་ཐག་པའི་སོའམ་ཡང་ན་ནུ་སོ་སྟེ་སོ་གང་ཡིན་རུང་ལ་སོ་སྲིན་ཡོང་ སླ་བས་དེར་སྲུང་སྐྱོང་བྱ་རྒྱུར་ལྷག་པར་དོནན་བྱ་དགོས།

ཇི་ལྟར་བྱས་ནས་ཕྲུ་གུ་གླེན་ལྐུགས་མི་སྐྱེ་བ་བྱ་དགོས།

ཐོག་མ་ནས་གླེན་ལྐུགས་ཡིན་པའི་ཕྲུ་གུ་སྐྱེ་བར་ནད་རྐྱེན་གསལ་བོ་མེད་ཅིང་།མང་ ཆེ་ཤོས་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་སུ་ཡང་མེད་པ་མ་ཟད།དུག་རྫས་ལ་རེག་པའི་ལོ་ རྒྱུས་ཡང་གསལ་བོ་མེད་པས་བདེ་ཐང་ཡིན་པའི་བཟའ་ཚོ་ཚང་མར་ཐོག་མ་ནས་གླེན་ལྐུགས་ ཡིན་པའི་ཕྲུག་གུ་སྐྱི་མི་སྲིད་པ་མཐའ་གཅིག་ཏུ་ངེས་ཚིག་བརྗོད་མི་ཐུབ།མངལ་ འཁོར་བའི་ཐོག་མའི་གཟའ་འཁོར་8ནས་14དང་མངལ་འཁོར་བའི་དུས་དཀྱིལ་གཟའ་འཁོར་ 14ནས་20ནང་ཨ་མའི་ཁྲག་ལ་བརྟག་དཔྱད་བྱས་ཚེ་མངལ་འཁོར་བའི་ཕྲུ་གུ་མ་སྐྱེས་གོང་ གི་འབྲེལ་ཡོད་ནད་ཏོག་བརྟག་དཔྱད་བྱས་ནས་བབ་བསྟུན་གྱི་བྱ་ཐབས་སྤྱད་ནས་ཐོག་མ་ ནས་གླེན་ལྐུགས་ཡིན་པའི་ཕྲུ་གུ་སྐྱེ་རྒྱུ་ཉུང་དུ་གཏོང་བ་དང་མངལ་འཁོར་བུད་ མེད་ཀྱི་སེམས་ཁམས་དང་སྐྱེ་ཁམས་ཐད་ཀྱི་སྡུག་བསྔལ་ཆུང་དུ་གཏོང་ཐུབ།

དམངས་ཁྲོད་ཀྱི་བྱིས་པའི་ནད་བཅོས་རགས་བསྡུས།

བྱིས་པའི་ཕོ་བ་སྦོས་བརྒྱངས་བྱུང་ཚེ་ཇི་ལྟར་བྱེད་དགོས།་དེ་ལ་བྱིས་པ་གན་རྐྱལ་ དུ་བསྙལ་ནས་སྨན་པའི་ལག་པས་ལྟེ་བའི་མཐའ་འཁོར་དུ་གཡས་སུ་ལན་གསུམ་སྐོར་ནས་ འཕུར་བ་དང་།དེ་བཞིན་ལན་གསུམ་གཡོན་དུ་བསྐོར་ནས་འཕུར་བ།དེ་ནས་ཐུར་དུ་ལན་གྲངས་ མང་པོར་འཕུར་འཕུར་བྱེད་པ་དང་།བྱིས་པ་ཕར་འགྲོ་ཚུར་འོང་བྱེད་དུ་བཅུག་ན་རིམ་ བཞིན་བདེ་བར་འགྱུར།ཕྲུ་གུར་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་པ་བྱེད་དགོས། དང་པོ།ཕྲུ་གུས་ཕ་མའི་ལད་མོ་བྱེད་པར་དགའ་བས་ཕ་མས་རང་དཔེ་གཞན་སྟོན་བྱེད་དགོས། གཉིས་པ།ཕ་མས་ཕྲུ་གུས་དཔེ་དེབ་ཀློག་པའི་སློབ་གསོ་རྒྱག་རྒྱུར་དོ་སྣང་བྱེད་པ་ ལས་དཔེ་དེབ་བཀླགས་ནས་ཕྲུ་གུའི་སྤྲོ་བ་དང་། འདོད་པ།བསམ་བློ་བཅས་ཀྱི་དམིགས་བསལ་དགོས་མཁོར་སྣང་ཆུང་བྱ་རྒྱུ་མེད། གསུམ་པ།ཡག་ཤོས་བྱུང་ན་ཕ་མས་བྱིས་པའི་རིག་གནས་ལ་ཤེས་རྟོགས་ཡོངས་བ་བྱ་དགོས་ ཤིང་ཕ་མ་རང་ཉིད་ཀྱིས་ཆུང་དུས་སུ་ལྟ་མྱོང་བའི་བྱིས་པའི་ཀློག་དེབ་རང་ཉིད་ཀྱི་ ཕྲུ་གུར་ཨུ་ཚུགས་ཀྱིས་ལྟ་རུ་འཇུག་རྒྱུ་མེད། བཞི་བ།བུ་ཕྲུག་ལ་དཔེ་དེབ་ཀློག་པའི་ཁོར་ཡུག་ཅིག་བསྐྲུན་དགོས། ལྔ་བ།རྟག་ཏུ་ཕྲུ་གུར་དེབ་ཉོ་དགོས་པ་བཅས་སོ།།

༼གངས་ཅན་སྐྱེས་མའི་དྲ་བ་ལས་བདམས།༽

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )