རྒྱུན་ཤེས་བང་མཛོད།
Microsoftཡིས་མ་ལག་མཉེན་ཆས་རྫུན་མ་ཡིན་མིན་ཞིབ་བཤེར་བྱེད་པའི་གསལ་འདེབས་དེ་མེད་པར་བཟོ་ཐབས།
Windows Vistaནང་བོད་ཡིག་སྒྲིག་འཇུག་བྱེད་སྟངས་ཀྱི་སྐོར།

[རྩོམ་གྱི་ཡོང་ཁུངས། བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བ།]

ཐོག་མར་མགོ་འཛུགས་གདམ་ཐོ > > འཁོར་སྐྱོད > > ”regedit“བྲིས་ཏེ་ཐོ་ འགོད་རེའུ་མིག་རྩོམ་སྒྲིག་ཆས་ཀྱི་ཁ་བྱས་ཏེ། HKEY_LOCAL_MACHINE\SOFTWARE\Microsoft\Windows NT\CurrentVersion\Winlogon\Notify\WgaLogonཁྲོད་ཀྱིWgalogonམ་ལུས་པར་སུབ་ དགོས།

དེ་ནས་རྩིས་འཁོར་བསྐྱར་སློང་བྱེད་ཚེ་གསལ་འདེབས་དེ་མི་འཆར་པ་རེད། དེ་དང་དུས་མཉམ་དུc:\windows\system32ཁྲོད་ཀྱིwgatray.exeསུབ་དགོས་པ་མ་ཟད། C:\WINDOWS\system32\dllcache ཁྲོད་ཀྱིwgatrayཡང་སུབ་དགོས། འདི་ལྟར་བྱས་རྗེས་གསལ་འདེབས་དེ་ཡོངས་སུ་མེད་པར་བཟོས་པ་རེད།

 

Windows Vistaནང་བོད་ཡིག་སྒྲིག་འཇུག་བྱེད་སྟངས་ཀྱི་སྐོར།

ཨོའུ་རོན་ Windows Vista བཀོད་སྤྱོད་རྒྱུད་ཁོངས་གསར་པ་དེ་ནང་ཕྱོགས་ཡོངས་ནས་བོད་ཡིག་ལ་རྒྱབ་སྐྱོར་ བྱེད་ཡོད་པ། Windows Vistaཐོན་ཟོག་གང་འདྲ་ཞིག་ནང་དཔེ་ན། སྐད་ཡིག་དཔར་གཞི་ཡིན་ནི་འདྲ་ཚང་མའི་ནང་བོད་ཡིག་ལ་རྒྱབ་སྐྱོར་བྱེད་ཡོད་། དེས་འཛམ་བུ་གླིང་གི་ཁུག་ཁྱོག་གང་འདྲ་ཞིག་གི་རྩིག་འཁོར་ནང་Windows Vista སྒྲིག་འཇུག་བྱས་ཡོད་ན་དེའི་བོད་ཡིག་ནང་འཇུག་དང་སྒྲིག་གཅོད་བྱེད་ཐུབ་པ་མཚོན་གྱི་ ཡོད། ཁྱེད་རང་གི་རྩིག་འཁོར་རམ་གློག་ཀླད་ནང་བོད་ཡིག་སྒྲིག་བཟོ་བྱེད་འདོད་ཡོད་ན། གཤམ་གསལ་གྱི་ལས་སླ་བའི་བྱེད་རིམ་ཁ་ཤས་ལེགས་འགྲུབ་བྱེད་དགོས།

ཁྱེད་རང་གི་རྩིག་འཁོར་ནང་བོད་ཡིག་སྒྲིག་གཙོད་བྱེད་དུས། བོད་ཡིག་འདེམས། དེ་མ་བྱེད་པ་ཡིན་ན་གཤམ་གསལ་གྱི་བྱེད་རིམ་དེ་ལེགས་འགྲུབ་དགོས།

༡ " ཚོད་འཛིན་ངོས་ལེབ་ " ནང་

༢ " སྐད་ཡིག་དང་ཁུལ་ཁོངས་ " འདེམས་བྱང་དེར་གཅིག་གནོན།

༣ " སྐད་ཡིག་ " འདེམས་ནས་རྗེས་ཡང་ " ཆ་འཕྲིན་ཞིབ་ཕྲ་ " དེ་འདེམས་དགོས་པ།

༤ " ཁ་སྣོན་ " ཟེར་བའི་དེ་གཅིག་རྡེབ་ནས་ " ནང་འཇུག་སྐད་ཡིག་ " ནས་མར་འཐེན་འདེམས་བྱང་ནང་ " བོད་ཡིག་ " འདེམས་དགོས།

༥ " མཐེབ་གཞོང་བཀོད་སྒྲིག་ " མར་འཐེན་འདེམས་བྱང་ནང་ " ཨོའུ་རོན་བོད་ཡིག་མཐེབ་གཞོང་བཀོད་སྒྲིག " འདེམས་དགོས།

༦ " ཆོག་ " ཟེར་བའི་འདེམས་ནས་གླེང་སྒྲོམ་ཚང་མ་ཁ་རྒྱག ༧ Windows Vista ཅོག་ངོས་སྒང་གི་ལས་འགན་ཚན་བྱང་ནང་གི་སྐད་ཡིག་ཚན་བྱང་དེའི་ཐོག་ " BO Tibetan(PRC) " རྟགས་ཡོད་པའི་བོད་ཡིག་མཐེབ་གཞོང་དེ་མཐོང་གི་རེད། དེ་འདྲ་ཡིན་ན། ཁྱེད་རང་གི་རྩིག་འཁོར་ནང་དུ་བོད་ཡིག་རྒྱག་ཆོག་གི་རེད། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས།

 

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )