སློབ་གསོའི་མེ་ལོང་།
ཉི་མའི་གྲོང་གི་བྱ་ཁྱུ།
གཡུ་རྔོག་དཀོན་མཆོག་སྐྱབས།
- (སུ་ཇཱ་བོད་ཁྱིམ་སློབ་གྲྭ)
རྒྱང་རིང་གི་ཨ་མ་དང་ས་མཐའི་མིག་ཆུ།
འབྲོག་ཕྲུག་གངས་རྒྱན་ནོར་བུ།
གོ་པ་པུར་བོད་ཁྱིམ་སློབ་གྲྭ

 

འོད་སྣང་ལ་རེ་ཞིང་་ཉི་འོད་ལ་དུངས་པའི་བྱ་ཁྱུ་དཀར་པོ
རྒོད་པོའི་གཤོག་ཟུང་ལས་་
སྐྱི་བསེར་རླུང་གི་སྤུ་གྲི་གཏུབ་ནས
སྙན་པའི་དབྱངས་རྟ་ལས་་་
རིགས་དྲུག་གི་ལང་ཚོ་དྲངས་ནས
འཕུར་ཅིག་་
དམིགས་འདུན་གྱི་ཞིང་ས་རུ ཡིད་འོང་གི་མེ་ཏོག་འཐུ་རུ
ཉི་མའི་གྲོང་གི་བྱ་ཁྱུ་དཀར་པོ
ཧི་མ་ལ་ཡིས་རི་རྒྱུད་བཅད་ནས
ཡར་ཀླུང་གཙང་བོའི་ཆུ་ངོགས་ཉུལ་གྱིན
འཕུར་ཅིག་་ཉི་མའི་འོད་ཟེར་ལས
རང་བྱུང་གི་དངོས་གྲུབ་གནང་སྲིད་ལ
མེས་པོི་གླེགས་བམ་ལས
ལོ་རྒྱུས་ཀྱི་གཏིང་མཐའ་རྙེད་སྲིད
སྙིང་སྟོབས་དང་ལ་རྒྱ་འདྲེན་པས་བྱ་ཁྱུ་དཀར་པོ
ཉི་འོད་ཀྱི་ཟེར་མ་རྒུམ་བཞིན
རི་ཀླུང་འདི་ཟད་རག་བར་དུ
མུན་པ་འདི་གསལ་རག་བར་དུ
གཙང་བོ་འདི་ཆད་རག་བར་དུ
ཉི་མའི་གྲོང་གི་བྱ་ཁྱུ་དཀར་པོ
རྒྱང་རིང་ཡུལ་དུ་འཕུར་ཆོག

རྗེས་ལུས་ཀྱི་རྨ་ཁའི་ཁྲོད་ན།དགོད་སྒྲའི་གླུ་དབྱངས་སྙན་མོ་ཞིག་ཡོད་ཀྱང་།
བསམ་ ཤེས་པ་ནས་བཟུང་བདེ་བ་ཞིག་ག་ལ་ཡོད། སྔོན་མ་ཡིན་ན། གཡུ་འབྲུག་སྔོན་མོ་ས་ལ་རྒྱུག་འདྲའི་དྭངས་གཙང་གི་ཆུ་མོ་ཤང་ཤང་ དེ། ད་ལྟ། བྲག་ངོས་ནས་ཆལ་ཆིལ་དུ་བཞུར་བའི་དྲན་གདུང་གི་གླུ་དབྱངས་སུ་གྱེར།
སྔོན་མ་ཡིན་ན།དྲིན་ཆེན་ཨ མས་བདེ་སྐྱིད་ཀྱི་འཚོ་བའི་གླུ་སྒྲ་རེ་རེ་བྱིའུ་འཇོལ་མོའི་དྲུག་འགྱུར་དབྱངས་ སྙན་ལྟར་ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་སྒྲོག་་
འོན་ཀྱང་ད་ལྟ་ལ་མཚོན་ན་ས་མཐའ་འདི་ནས་ལོ་དྲུག་ཙམ་བསྡད་ནས་རྒྱ་གར་རྡ་རམ་ས་ལ་འདི།
ངའི་དྲིན་ཆེན་གྱི་ཕ་ས་ གཉིས་པ་རུ་གྱུར་ཀྱང་།
ད་ལྟ་ཡིན་ཡང་ངའི་བྱིས་དུས་ཀྱི་མིག་ཆུའི་ཁྲོད་ན་ཨ་མ་དང་ མཐའ་མཇལ་གྱི་ཁ་བཏགས་དཀར་པོ་དེ།བརྗེད་མེད་ལ་ཨ་མ་ངའི་སེམས་ཁོང་དུ་ཙེམས་པའི་ བརྩེ་དུང་གི་ལྷན་པའི་མེ་ཏོག་འདྲ་མིན་སྣ་ཚོགས་དེ་ད་ལྟ་ཡིན་ཡང་འཐོར་མེད།
ང་དང་ ཐོག་དགོད་སྒྲའི་ཁེངས་པའི་ས་མཐའ་འདི་རུ་བསླེབས་དུས།ས་མཐའ་འདི་ནི་ངའི་འཇིག་ རྟེན་གྱི་ཆེས་ཐོག་མའི་རྩེད་རའི་རྒྱལ་ཁམས་ཤིག་རེད་སྙམ།
འོན་ཀྱང་།བསམ་ཤེས་པ་ ནས་བཟུང་།
་ང་ནི་ཕ་ས་བོར་བའི་འབྲོག་ཕྲུག་ཅིག་དང་ཨ་མ་མེད་པའི་དྭ་ཕྲུག་ཅིག་ རེད་སྙམ།
ང་ནི།
སྡུག་བསྔལ་དང་མིག་ཆུའི་ཁྲོད་ནས་སེམས་ཁོང་གི་གླུ་དབྱངས་སྐྱུར་མོ་དེ་ ཤོག་དཀར་གྱི་སྟེང་དུ་འབྲི་བཞིན།
སླར་ཡང་ལྷགས་རླུང་གི་དགུན་ཁ་འདི་རུ་སྐར་མ་འབུམ་ཕྲག་མང་པོ་དང་ལྷན་དུ་འདར་སིག་སིག་ཁེར་རྐྱང་ལ་རོལ་བའི་དྲན་གདུང་གི་མིག་ ཆུ་ཞིག་ཡིན།
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )