བོད་རྒྱ་ཞི་མོལ་སྐོར་གྱི་ཚོགས་འདུ།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༢ པ་དེ་བཞུགས་སྒར་ངྷ་སར་འཚོགས་མགོ་ཚུགས་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་བོད་གཞུང་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། བོད་རྒྱ་ཞི་མོལ་ལས་དོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་དེ་བཞུགས་སྒར་དུ་ཉིན་ གཉིས་རིང་འཚོགས་རྒྱུ་ཡིན་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་གཙོ་སྐྱོང་གནང་ཡོད་པ་རེད། ཚོགས་འདུའི་སྟེང་དུ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་ མཚན་ལགས་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཚུད་པའི་ཚོགས་མི་རྣམས་འཛོམས་ཡོད་པ་ རེད། ཐེངས་སྔོན་མའི་ཚོགས་འདུ་དེ་ནི་ལོ་འདིའི་ཕྱི་ཟླ་ ༣ པའི་ནང་དུ་འཚོགས་ཡོད་ལ། དེའི་སྔོན་གྱི་ཕྱི་ཟླ་ ༡ པོའི་ཚེས་ ༢༦ ནས་ ༣༡ བར་དུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་ཕེབས་ཏེ་བོད་རྒྱ་འབྲེལ་མོལ་ ཐེངས་དགུ་བ་བྱས་ཡོད་ལ། སྐབས་དེར་སྐུ་ཚབ་རྣམ་པས་རྒྱ་ནག་གི་དཔོན་རིགས་ཚོར་མི་རིགས་ས་ཁོངས་རང་སྐྱོང་ གི་བསམ་འཆར་ཡིག་ཆ་དེར་གསལ་བཤད་དོན་ཚན་བདུན་ཅན་ཞིག་ཕུལ་ཡོད་པ་རེད་འདུག
 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )