ཁྱབ་བསྒྲགས་ར་བ།
ཀླུ་ཚང་སྨྱུག་གསར་ཀྱིི་དཔེ་ཚོགས་པར་དུ་བསྐྲུན་ཟིན་པ།

འབྲོང་ཕྲུག

དཔེ་ཚོགས་རྩོམ་སྒྲིག་པ།
རྒྱ་གྲོལ། གངས་འཚོ།
བློ་འདོན་པ། བཙན་སྲས། གངས་འཚོ།

རྩོམ་སྒྲིག་པ།
འབྲོང་ཕྲུག ཨ་མདོ་ཀླུ་སྒྲུབ།

ཇུས་འགོད་པ།
ཀླུ་ཚང་སྨྱུག་གསར།
རི་མོ་བ། ཀླུ་བསམ་བློ་བ།

དེ་ཡང༌། ཉིས་སྟོང་བཅུ་ལོའི་ཉི་ཟེར་ཐོག་མ་འཛམ་གླིང་གོ་ལའི་ཁྱོན་ལ་ཕྱོགས་རིས་མེད་པར་ཤར་བའི་སྐལ་བཟང་གི་དུས་འདིར། ང་ཚོའི་ཤེས་རིག་གི་ཞིང་ཁམས་སུ་མ་བཀླགས་ཚད་མེད་ཀྱི་དཔེ་དེབ་རབས་དང་རིམ་པར་ ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་དང་བརྡོལ་མུས་སུ་ཡོད་པ་ནི་ཅི་འདྲ་དགའ་འོས་པ་ ཞིག་རེད་ཨང༌། བར་སྐབས་འདིར། ཕྲན་གྱིས་འུ་ཅག་ཤེས་ལྡན་པ་ཀུན་གྱི་སྤྱན་སྔར་འགྲེམ་འདོད་པའི་དཔེ་དེབ་གང་དེ་ ནི་ཀླུ་ཚང་སྨྱུག་གསར་གྱིས་ལོ་ངོ་དུ་མའི་རིང་བ་བྲིས་ནས་ལེགས་འགྲུབ་བྱུང་བའི་ དེབ་ལྔ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་ཡིན་ཏེ། དེ་དག་ནི་རང་མོས་སྙན་ངག་དེབ《ཨ་མའི་ནུ་རིན》དང《ང་འཆི་རུ་ཆུགས། 》 སྲོལ་རྒྱུན་སྙན་ངག་དེབ《ཞི་བདེ་བདག་གི་ཚེ་གྲོགས།》 ལྷུག་རྩོམ་དེབ《ཀླུ་ཚང་ཕོ་ཉ།》 བོད་རྒྱའི་ཐ་སྙད་མཛོད《སྲོག་ཤིང》བཅས་པ་ཡིན། དེབ་དང་པོ་ནི། 《ཨ་མའི་ནུ་རིན》ཏེ་རྩོམ་པ་པོའི་མཆན་འགྲེལ་དུ་བདག་གི་བསམ་བློ་དང་རང་མོས་སྙན་ ངག་ཅེས་བཀོད་པ་ཡོད་པ་དང༌། དེ་ནི་རྩོམ་པ་པོས་མི་ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་ཚང་མ་སྙན་ངག་གམ་སྨྱུག་ ཐོགས་པའི་འཚོ་བར་འབུལ་རྒྱུའི་དམ་བཅའི་རྒྱུན་བསྲིངས་པའི་འབྲས་བུ་རྡོག་རྡོག་ དེ་རེད། དེབ་གཉིས་པ་ནི། 《ཞི་བདེ་བདག་གི་ཚེ་གྲོགས》ཏེ་རྩོམ་པ་པོའི་མཆན་འགྲེལ་དུ་བདག་གི་མིག་ཆུ་དང་ སྲོལ་རྒྱུན་སྙན་ངག་ཅེས་བཀོད་ཡོད་པ་དང༌། དེ་ནི་རྩོམ་པ་པོས་ཨ་མའི་ནུ་རིན་འཕྲོད་རྗེས་འཆར་གཞི་གཞན་ཞིག་ལ་དབུ་ཁྱུད་ བྲིས་པ་དེ་ཡིན་ལ། འདིའི་ནང་དུ《དཔའ་རྒོད་རྗེས་སུ་དྲན་པ》དང《ཇག་པ་ཆུང་ཆུང》ལ་སོགས་བོད་ཁུལ་གྱི་ དུས་དེབ་གྲགས་ཅན《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་སུ་བཀོད་མྱོང་བའི་སྲོལ་ རྒྱུན་སྙན་ངག་བསྡུས་ཡོད། དེབ་གསུམ་པ་ནི། 《ཀླུ་ཚང་ཕོ་ཉ》སྟེ་རྩོམ་པ་པོའི་མཆན་འགྲེལ་དུ་བདག་གི་དྲན་གདུང་དང་འཕྲིན་པ་ཁ་ ཤས་ཅེས་བཀོད་ཡོད་པ་དང༌། འདིའི་ནང་དུ་གཙོ་བོ་རྩོམ་པ་པོས་ཐག་ཉེ་རིང་གི་གྲོགས་པོ་དང་ཀློག་མཁན། ཉེ་མི་ཀུན་ལ་བསམ་བློ་བརྗེ་རེས་ཀྱི་ཟོལ་གྱིས་སྤྲིངས་པའི་འཕྲིན་ཡིག་དང་འབོལ་ རྩོམ། སེམས་གཏམ་བསྡུས་ཡོད་པར་མ་ཟད། ད་དུང་རྩོམ་གྲོགས་དག་གིས་ཁོའི་སྙན་ངག་ལ་གདེང་འཇོག་བྱས་པའི་སྙན་ངག་གི་ལྟ་བ་ དང་མི་ཚེའི་འདོད་ཚུལ། རིན་ཐང་ལྟ་ཚུལ་སོགས་བཀོད་ཡོད་པས། སྣ་འཛོམས་རང་བཞིན་གྱི་རྩོམ་དེབ་ཅིག་ཏུ་ངོས་འཛིན་བྱས་ཆོག དེབ་བཞི་བ་ནི། 《ང་འཆི་རུ་ཆུགས》ཏེ་རྩོམ་པ་པོའི་མཆན་འགྲེལ་དུ་བདག་གི་ན་ཟུག་དང་དུངས་སྣང་ཟ་ ཟི་ཞེས་བཀོད་འདུག དེ་ནི་རྩོམ་པ་པོའི་རང་མོས་སྙན་དེབ་ཐོག་མ་ཨ་མའི་ནུ་རིན་གྱི་རྗེས་སུ་བྱུང་ བའི་རང་མོས་སྙན་དེབ་གཉིས་པ་དེ་ཡིན་པ་དང༌། བདེན་པའི་ཨུ་ཚུགས་དང་དབྱངས་ཅན་མའི་ལེ་ཚན་གཉིས་ཀྱིས་གྲུབ་ཡོད་ལ། དེབ་སྔོན་མ་དང་བསྡུར་ན་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཐོལ་བརྒལ་ཆེན་པོ་ བྱུང་ཡོད་པས། རྒྱ་ཆེའི་ཤེས་ལྡན་པ་དག་གིས་ལྟ་རིན་ཡོད་པ་དང་ཀློག་རིན་ཡོད་པ་ཞིག་རེད། དེབ་ལྔ་བ་ནི། 《སྲོག་ཤིང》སྟེ་རྩོམ་པ་པོའི་མཆན་འགྲེལ་དུ་བདག་གི་ལྷག་བསམ་དང་ཕ་སྐད་གཙང་མ་ ཞེས་བཀོད་ཡོད། འདི་ནི་མིང་རྐྱང་གི་ཉམས་དམས་དང་ཨང་གྲངས་ཀྱི་ཉམས་དམས། བྱ་ཚིག་གི་ཉམས་དམས། བརྡ་སྤྲོད་ཀྱིས་ཉམས་དམས་བཞི་ཡི་གནས་བབ་ལ་གཞིགས་ནས་བསྡུ་བསྒྲིགས་བྱས་པ་ཞིག་ ཡིན་ལ། ཁྱོན་བསྡོམས་སྡེ་ཚན་ཉེར་བརྒྱད་ཀྱིས་གྲུབ་པའི་བོད་རྒྱའི་མིང་མཛོད་ཆེན་པོ་ ཞིག་རེད་ཅེས་བཤད་ཀྱང་མི་ཆོག་པ་མི་འདུག

 
 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )