ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་ལས་བྱེད་ཟུར་པ།

བཅུད་པར་གཡང་མཁོ་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས། རུས་མིང༌། བཅུད་པར་གཡང་མཁོ་རྒྱལ། སྨྱུག་མིང་ལ་བཅུད་པར་རྫ་སྐྱེས། ཕ་ཡུལ་དང་སྐྱེས་སྐར། སྤྱི་ལོ1971ལོར་ཨ་མདོ་མང་ར་རྫོང་ཐར་ཤུལ་ཞང་བདའ་ཚང་རྟ་མང་འཚོ་བར་ སྐྱེས། སློབ་གྲྭ། 1986ལོར་ཐར་ཤུལ་ཞང་དཀྱིལ་སྙིང་སློབ་ཆུང་ནས་སློབ་མཐར་ཕྱིན། 1989ལོར་མང་ར་རྫོང་ མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན། 1992ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ ཕྱིན། 1998ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། བྱ་བར་ཞུགས་དུས། 1992ལོར་དགེ་རྒན་གྱི་ལས་གནས་ལ་ཐོག་མར་ཞུགས་པ་ཡིན། རྩོམ་ཡིག་འབྲི་དུས། 1997ལོར་ནས་བཟུང་རྩོམ་ཡིག་ཐར་ཐོར་འབྲི་འགོ་བརྩམས་ཏེ་སྔ་ཕྱིར་དུ་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་ རྩོམ་ཡིག་བདུན་ཅུ་ལྷག་སྤེལ་མྱོང༌། ཕྱག་ལས་བསྒྲུབ་པའི་དུས་ཡུན། དགེ་རྒན་དང་རྩོམ་སྒྲིག་པའི་ལས་ཀ་ལོ་ངོ་བཅོ་བརྒྱད་ལྷག་ལ་གཉེར་མྱོང༌། བརྩམས་ཆོས། 2008ལོར་སྙན་རྩོམ་ཐོག་མ < < རོ་ལངས > > ཞེས་པ་དེ་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས། གཞན་ཡང་ < < སློབ་ཆུང་དག་ཡིག་བྱིས་བློ་འཇུག་ངོགས > > དང < < སློབ་གསོ་དྲི་བའི་ཅོང་སྒྲ > > ཞེས་པ་པར་སྐྲུན་བྱ་འཆར་ཡོད། ཚོགས་མི། བཙན་བྱོལ་བོད་གཞུང་དབུས་འོས་བསྡུའི་འགན་འཛིན་ལས་འཕར།རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ།1991ལོར་དང་2002ལོར་ནས་བཟུང་ < < གངས་རྒྱན་ན་ཆུང་ཚགས་པར > > དང་ < < མཚོ་སྔོན་ཁྲིམས་ལུགས་ཚགས་པར > > གཉིས་ཀྱི་འཕྲིན་གཏོང ་མཁན་གྱི་ཚོགས་མི་བཅས་ཡིན། བོད་ཕྱི་ནང་གཉིས་ཀར་རྩོམ་སྒྲིག་བྱས་པའི་དཔེ་དེབ་དང་ཚགས་པར། < < བཅུད་རྫའིཟླ་གཞོན་ཚགས་པར > > དང < < ཁ་བ > > དུས་དེབ་ཀྱི་གཙོ་སྒྲིག་པ་དང་ཞུ་དག་པ། < < དག་གསར > > གྱི་གཙོ་སྒྲིག་གཞོན་པ། < < བྱུ་རུའི་ལས་དབང > > དང < < འཇགས་མི་སྲིད་པའི་བཞུར་རྒྱུན > > < < ཚོར་བའི་ཕ་བོང > > < < སྐུ་དྲག་གི་སྒོ་འགྲམ > > < < གཉིད་འགུག་འགག་གི་མཚར་སྒྲུང > > < < ཨན་ན་ཁ་རེ་ནེ་ན > > < < སྤྱང་མོའི་རྐང་རྗེས་འཚོལ་བ > > < < ས་ཆེན་གྱི་སྨྲེ་ངག > > < < བང་སོ > > < < རོ་ལངས > > < < ཁྱིམ་མཚེས་དང་ཆ་ཤས > > < < བོད་གདངས་སུ་གྱེར་བའི་སྙན་རྩོམ > > < < ཐུ་བྷོད་སྤྱི་ཚོགས་ཀྱི་བུད་མེད་ཐོབ་ཐང > > < < གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ > > སོགས་དེབ་སུམ་ཅུ་ལྷག་རྩོམ་སྒྲིག་བྱས་ཡོད སྡོད་གནས།་་་

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་ལས་བྱེད་ཟུར་བ།

ཚེ་རིང་རྒྱལ་ནི།་ཕྱི་ལོ་1980ལོར་མདོ་སྨད་མང་རའི་ཀླུ་ཚང་ཚོ་བར་སྐྱེས།བོད་ནང་དུ་སློབ་གྲྭ་ཆེ་འབྲིང་ཆུང་ གསུམ་རིམ་པར་བརྒྱུད་མྱོང་།ཕྱི་ལོ་1998ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་གྱིས་ གཞུང་གིས་ལས་བགོས་ལྟར་མང་ར་རྫོང་སུམ་མདོ་སློབ་ཁུལ་དུ་དགེ་རྒན་གྱི་ལས་གར་ཞུགས།ཕྱི་ལོ2000ལོར་མང་ ར་རྫོང་གི་རིགས་གཅིག་རྐང་འཛིན་དགེ་རྒན་སྐྱེད་བསྲིང་གི་ལས་འཆར་བཀོད་སྒྲིག་འོག་་རྒྱ་ནག་ཧོ་པེ་ཞིང་ཆེན་ ཅཱིན་མིན་གྲོང་ཁྱེར་ཧྲ་ཡང་མཐོང་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭ་ཆེན་མོར་ལས་འཁྱེར་སློབ་ཞུགས་ཀྱིས་གློག་ ཀླད་དང་དབྱིན་ཡིག་ལ་སློབ་སྦྱོང་བྱས།་ཕྱི་ལོ2002ལོའི་ལོ་མཇུག་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་ཤེས་ རབས་དགའ་ཚལ་སློབ་གླིང་དུ་ལོ་གཅིག་རིང་དབྱིན་བོད་གཉིས་ལ་སློབ་སྦྱོང་བྱས།ཕྱི་ལོ་2004ལོ་ནས་འདི་ག་ ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་སུ་རྩོམ་སྒྲིག་པ་དང་དེབ་གཟུགས་ཇུས་འགོད་ཀྱི་ཕྱག་ལས་གཉེར་ཞིང་རྗེས་སུ་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་དང་། གསལ་བསྒྲགས་འགན་འཛིན་གྱི་ལས་འགན་ཁུར་ཡོད།

དབང་རུས།
 
པདྨ།
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )