ཚེས་༢༩ཉིན། ༢༠༡༠ལོའི་རྒྱལ་སྤྱིའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་མཛད་སྒོ་ནི་ལྷོ་ཨ་ཧྥུ་རེ་ ཁར་ སྤྱི་ཟླ་༦པའི་ཚེས་༡༡་ནས་སྤྱི་ཟླ་༧པའི་ཚེས་༡༡་དབར་ ཚོགས་བཞིན་ཡོད་ལ་ཐེངས་འདིའི་མཐའ་མཇུག་གི་འགྲན་བསྡུར་བྱེད་ས་ ལྷོ་ཨ་ཧྥུ་རེ་ཁའི་རྒྱལ་ས་Jojannesburg ཡོ་ཧང་ནི་སི་རྦིར་རྒུ་རུ་རྩེ་བར་གཏན་འཁེལ་ཡོད།

༢༠༡༠ ནི་ཐེངས་༡༩་པ་དེ་ཡིན་ལ། སྤྱི་ལོ་༡༩༣༠ནས་འགོ་བརྩམས་ཞིང་། ལོ་བཞི་རེར་ཐེངས་རེ་ཚོགས་བཞིན་ཡོད། ཐེངས་སྔོན་མ་དེ་༢༠༠༦ལོར་འཇར་མན་ནེ་རུ་ཚོགས་ཞིང་ཐེངས་རྗེས་མ་དེ་ལྷོ་ཨ་མའི་ རེ་ཁའི་རྒྱལ་ཁབ་ བྷུ་ར་ཛིལ་དུ་ཚོགས་པར་གཏན་འཁེལ་ཡོད། ཐེངས་འདི་འགྲན་བསྡུར་ནི་ཨ་ཧྥུ་རེ་ཁ་གླིང་ཕྲན་སྟེང་གི་གཤམ་གསལ་གྱི་རྒྱལ་ཁབ་ ལྔ་རུ་ཚོགས་ཆོག་པའི་ཐོབ་ཐང་སྤྲད་དེ་མཐའ་མཇུག་ལྷོ་ཨ་ཧྥུ་རེ་ཁར་འོས་ཤོག་མང་ ཤོས་ཐོབ་པ་རེད།

ཨེ་ཇེ་པུ་ཊི།Egypt  ལི་བི་ཡ། Libya དང་ ཐོ་ནི་ཞི་ཡ། Tonisia (རྒྱལ་ཁབ་གཉིས་མཉམ་དུ)  མོ་རོ་ཁོ། Morocco  ལྷོ་ཨ་ཧྥུ་རེ་ཁ། South Africa

༢༠༡༠ལོར་འཛམ་གླིང་རྒྱལ་ཁབ་ཡོངས་ནས་ཁྱོན་བསྡོམས་རྒྱལ་ཁབ་༣༢་ རྩེད་མོ་ཐོབ་འདེམས་བྱས་ཏེ་དེའི་ནང་ནས་རྒྱལ་ཁབ་༡༦་རྩེད་མོ་ཐོབ་འདེམས་བྱས་ པའི་ནང་དེ་རིང་རྒྱལ་ཁབ་༡༦ལས་མཐའ་མཇུག་གི་འགྲན་བསྡུར་གཤམ་གསལ་གྱི་རྒྱལ་ཁབ་ བཞི་དབར་རྩེད་མོ་རྩེས་མཐར། པ་ར་གྷལ་དང་ཨེ་སི་པན་ཡ་རྒྱལ་ཁབ་གཉིས་བཞི་གཅིག་འགྲན་བསྡུར་གྱི་གྲས་སུ་ཚུད་པ་ རེད།

ཉི་ཧོང་། པ་ར་གྷལ། ཨེ་སི་པན་ཡ། ཕོར་ཆོས་གྷལ།

གཉིས་སྐར་མ་80་ཡི་རིང་རྩེས་ཀྱང་ཐོབ་ཤོར་གྱི་དབྱེ་བ་འབྱེད་མ་ཐུབ་པས་ཆུ་ཚོད་ ཕྱེད་ཀའི་རིང་བསྐྱར་དུ་རྩེས་ཀྱང་སྤོ་ལོ་གྲུག་གུ་ནང་དུ་བསྡུས་ཐུབ་མ་སོང་། མཐའ་མཇུག་ཕྱོགས་གཉིས་ནས་མི་ལྔ་རེ་འདེམས་དེ་12m་ཀྱི་དཀར་ཐིག་སྟེང་ནས་གྲུག་ སྒོའི་ནང་དུ་བསྡུ་རུ་རྩེས་ནས་ཉི་ཧོང་ཤོར་བ་རེད།ཉི་ཧོང་ནི་མི་གྲངས་ས་ཡ་༡༢༠ ཡོད་པ་དང་། ད་ལོརཨེ་ཤེ་ཡའི་རྒྱལ་ཁབ་ནང་ནས་རྐང་རྩལ་སྤོ་ལོའི་རྩེད་མོ་རྩེ་མཁན་ཡག་ཤོས་དེ་ ཡིན།
འདས་པའི་ལོ་བཅུ་ཕྲག་གི་རིང་དཀའ་ལས་རྒྱབ་ཡང་ད་ལོ་ནང་བཞིན་རྒྱབ་ཁབ་༡༦་གི་ནང་ དུ་ཚུད་ཐུབ་མེད།
ཡིན་ཡང་ད་ལོའི་བཞི་གཅིག་འགྲན་བསྡུར་གྱི་གྲས་སུ་འགྲོ་མ་ཐུབ་པས་བློ་ཕམ་ཆེན་ པོ་བྱུང་ཡོད།


གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། འཛམ་གླིང་སྟེང་རྐང་གྲུག་རྩེ་མཁན་སྐད་གྲགས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཡོད་པ་ མ་ཟད་ཡུ་རོབ་རྒྱལ་ཁབ་ཁག་གི་སྒེར་གྱི་རྐང་གྲུག་ཚོགས་པ་སྐད་གྲགས་ཆེ་ཤོས་གྲངས་ དཔེར་ན་ཨེ་སེ་པན་གྱི་Barcelonaབར་སི་ལོ་ན ། ཕོར་ཆོས་གྷལ་རྒྱལ་ཁབ་ཀྱི་ Benfica སྦན་ཧྥེ་ཁ་སོགས། དེ་རིང་རྒྱལ་ཁབ་གཉིས་འགྲན་བསྡུར་བྱས་མཐར་ཨེ་སི་པན་ཡས་སྤོ་ལོ་གཅིག་བསྡུས་ཏེ་ བཞི་གཅིག་འགྲན་བསྡུར་གྱི་གྲས་སུ་ཚུད་དོ། ཕོར་ཆོས་གྷལ་རྒྱལ་ཁབ་བློ་ཕམ་ཆེན་པོ་སྐྱེས་ཏེ་ཕྱིར་རང་ཡུལ་དུ་ལོག་དགོས་ བྱུང་།

ཁི་རི་སུ་ཊེ་ནོ རོལ་ན་ཊོལ་ Cristiano Ronaldo ནི་ཕོར་ཆོས་གྷལ་རྒྱལ་ཁབ་ཀྱི་ཡིན་ལ། ཁོང་ནི་ད་ལྟ་ཨེ་སི་པན་རྒྱལ་ཁབ་ཀྱི་སྒེར་གྱི་རྐང་རྩལ་སྤོ་ལོ་ཚོགས་པ་རེལ མ་ཊི་རེ་ཊི་རུ་ Real Madrid club རྩེ་བཞིན་ཡོད། འཛམ་གླིང་སྟེང་གླ་ཆ་ཆེ་མཐོ་ཤོས་དེ་ཡིན། The $107 Million Man ཁོང་གི་མིང་ལ་སྐུ་ཞབས་$་ས་ཡ་བརྒྱ་དང་བདུན་ཞེས་འབོད་བཞིན་ཡོད།

བཞི་གཅིག་འགྲན་བསྡུར་གྱི་བཀོད་བསྒྲིགས་རེའུ་མིག
ཟླ་བདུན་པའི་ཚེས་གཉིས་ཉིན།
འགྲནབསྡུར་དང་པོ།
ལྷོ་ཨ་ཧྥུ་རི་ཁའི་ཞོགས་པའི་ཆུ་ཚོད་10.00 སྟེང་།
ཧོ་ལན་ཊི། བྷུ་ར་ཛིལ།
འགྲན་བསྡུར་གཉིས་པ། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་གི་ཆུ་ཚོད་14.00 སྟེང་། ཨོ་ར་གྷལ། གྷ་ན ། ཟླ་བདུན་པའི་ཚེས་གསུམ་ཉིན།
འགྲན་བསྡུར་དང་པོ། ལྷོ་ཨ་ཧྥུ་རི་ཁའི་ཞོགས་པའི་ཆུ་ཚོད་10.00 སྟེང་།
ཨར་རྒྱན་ཁྲེ་ན། འཇར་མན་ནེ།

ལྷོ་ཨ་ཧྥུ་རི་ཁའི་འགྲན་བསྡུར་གཉིས་པ།
ཉིན་གུང་གི་ཆུ་ཚོད་14.00 སྟེང་།
པ་ར་གྷལ། ཨེ་སི་པན་ཡ།
གཉིས་གཅིག་འགྲན་བསྡུར།
ཟླ་བདུན་པའི་ཚེས་དྲུག་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ།

ཟླ་བདུན་པའི་ཚེས་བདུན་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ།
ཨང་གསུམ་པའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ།

མཐའ་མཇུག་རྒྱལ་ཁའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་གཅིག་གི་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ།

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས། གསར་འགོད་པ་རིན་བྷོ།

 

པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )