རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་གྱི་སྔོན་ འགྲོ།(Quarterfinal)
ཟླ་བདུན་པའི་ཚེས་གཉིས་ཉིན།

འགྲནབསྡུར་དང་པོ།
ལྷོ་ཨ་ཧྥུ་རི་ཁའི་ཞོགས་པའི་ཆུ་ཚོད་10.00 སྟེང་།
ཧོ་ལན་ཊི། བྷུ་ར་ཛིལ། Nederland-Brazil
ཧོ་ལན་ཊི་ནི་འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ཡག་ ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན། ༨༨ལོར་ ཡུ་རོབ་རྐང་གྲུག་སྤོ་ལོའི་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་སྤོ་ལོ་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་བཞི་བའི་མིང་རྟགས་ཐོབ་པ་མ་ཟད། འཛམ་གླིང་སྟེང་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་གྲངས་ཆེས་མང་ཤོས་གསོ་སྐྱོང་བྱེད་ མཁན་དང་། རྒྱལ་ཁབ་དང་སྒེར་གྱི་རྐང་གྲུག་སྤོ་ལོ་ཚོགས་པ་ཁག་གི་དགེ་རྒན་བྱེད་མཁན་ཆེས་ མང་ཤོས་ཀྱི་མི་རིགས་ང་རྒྱལ་ཅན་གྱི་རྒྱལ་ཁབ་ཞིག་ཡིན། ཧོ་ལན་ཊི་ན་སྤོ་ལོ་རྩེ་མཁན་ཤིན་དུ་མང་པས་རྒྱལ་ཁབ་ཀྱི་རྐང་གྲུག་སྤོ་ལོ་རྩེ་ མཁན་མི་གྲངས་༢༣་འདེམས་གསེས་བྱེད་དུས་རྙོག་འཛིང་ཤིན་དུ་ཆེ།


བྷུ་ར་ཛིལ་ནི་འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ཡག་ ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ཤོས་དེ་ཡིན། རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐེངས་ལྔ་ཐོབ་ མྱོང་། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་སྤོ་ལོ་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་དང་པོ་མིང་རྟགས་ཐོབ་ཡོད། འཛམ་གླིང་སྟེང་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་གྲངས་ཆེས་མང་ཤོས་དང་ཡུ་རོབ་རྒྱལ་ ཁབ་ཁག་གི་སྒེར་གྱི་རྐང་གྲུག་སྤོ་ལོ་ཚོགས་པའི་ནང་རྩེད་མོ་རྩེ་མཁན་ཆེ་ཡག་ཤོས་ དང་གལ་ཆེ་ཤོས་ཀྱི་གྲངས་ཟིན་ཡོད། རྐང་གྲུག་རྩེ་མཁན་མང་ཆེ་ཤོས་སྲང་ལམ་དང་རྒྱ་མཚོའི་ཁ་རུ་རང་གིར་ཅི་ཐུབ་ཀྱི་ སྦྱངས་བརྩོན་བྱས་པ་ལས། ཡུ་རོབ་ནང་བཞིན་རྐང་གྲུག་རྩེ་མཁན་ནི་ཆེད་ལས་ཡག་ཤོས། གླ་ཕོག་ཆེས་མཐོ་ཤོས་ཡོད་པ་བཞིན་དུ་མ་ཡིན་པར་དམིགས་བསལ་གྱི་སྦྱོང་བརྡར་ཡང་ སྤྲད་མེད།


དེ་རིང་ ལྷོ་ཨ་ཧྥུ་རེ་ཁའི་ ནེལ་སན་མནྡྲལ་ལའི་ རྐང་གྲུག་རྩེད་ཐང་དུ་ ༢༠༡༠ལོའི་ཟླ་༧་པའི་ཚེས་༢་ཉིན་རྒྱལ་ཁབ་གཉིས་འགྲན་བསྡུར་བྱས་ཏེ་མཐའ་མཇུག་གི་ འབྲས་བུ་2-1་ཧོ་ལན་ཊི་རྒྱལ་ཁབ་ཐོབ་པ་རེད། ཧོ་ལན་ཊི་ནི་ད་ལོའི་ ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་(Qaurterfinal) གྱི་གྲས་སུ་འགྲོ་མཁན་རྒྱལ་ཁབ་ཐོག་དང་པོ་དེ་ཆགས་པ། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་ཚོགས་པའི་ལོ་རྒྱུས་སུ་བཀོད་པ་རེད། ༡༩༩༨ལོར་རྒྱལ་ཁབ་གཉིས་ ཧྥ་རན་སིར་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་ (Qaurterfinal in France)ལ་ཞུགས་ཏེ་ཧོ་ལན་ཊི་ཤོར་བ་རེད། དེ་དུས་ནས་བཟུང་ དེ་རིང་དབར་དུ་ ཧོ་ལན་ཊི་ རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་གྱི་གྲས་སུ་ཞུགས་ཐུབ་ མེད། ( Qaurterfinal)


སྐར་མ༡༠སྟེང་ བྷུ་ར་ཛིལ་གྱི་རྩེད་མོ་རྩེ་མཁན་རོལ་རྦེན་ཉོ་ཡིས་གྲུག་སྒོ་དང་པོ་བསྡུས་པ་དང་ སྐར་མ༥༣སྟེང་ བྷུ་ར་ཛིལ་གྱི་རྩེད་མོ་རྩེ་མཁན་ཧྥེ་ལེ་ཕུ མེ་ལོ་ཡིས་སྤོ་ལོ་རང་གི་གྲུག་སྒོ་ནང་དུ་བསྡུས་ཏེ་གཅིག་འདྲ་བཟོས་པ་དང་།སྐར་ མ་༦༨་སྟེང་ ཧོ་ལན་ཊི་ཡི་ རྩེད་མོ་རྩེ་མཁན་ བེ་སེ་ལི སི་ནད་སྒྲིལ་གྱིས་གྲུག་སྒོ་གཅིག་བསྡུས་ཏེ་རྒྱལ་ཁ་ཐོབ་པ་རེད།

འགྲན་བསྡུར་གཉིས་པ།
ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་གི་ཆུ་ཚོད་14.00 སྟེང་། ཨོ་ར་གྷལ། གྷ་ན། Uruguay- Ghana །
ཨོ་ར་གྷལ་ནི་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་ལ་མི་གྲངས་ས་ཡ་3.8་ ཡོད། འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ ཤོས་ཞིག་ཡིན། ཐེངས་གཉིས་ལ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ ཐོབ་ཏེ་ འཛམ་གླིང་སྟེང་ ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐོབ་ མཁན་རྒྱལ་ཁབ་ཆེས་ཆུང་ཤོས་དེ་མིང་རྟགས་ཐོབ་པ་རེད། རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་སྤོ་ལོ་ཚོགས་པས་༢༠༡༠་ལོའི་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་བཅུ་དྲུག་པའི་ཐོབ་རྟགས་ཡོད།

གྷ་ན་ནི་ ཨ་ཧྥུ་རེ་ཁའི་གླིང་ཕྲན་སྟེང་མི་རིགས་ནག་པོའི་རྒྱལ་ཁབ་ནང་ནས་ རྐང་གྲུག་རྩེད་མོར་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ཤོས་ཨང་གཉིས་པ་ ཡིན། མི་རིགས་ནག་པོའི་དཔའ་རྒོད་ཅེས་མིང་རྟགས་ཀྱང་ཐོབ་ཡོད་ལ། ད་ལོར་གྷ་ན་ནི་ ཨ་ཧྥུ་རེ་ཁའི་གླིང་ཕྲན་གྱི་ལོ་རྒྱུས་སྟེང་། རྒྱལ་སྤྱིའི་ ཧྥེ་ཧྥ་རྐང་གྲུག་སྤོ་ལོའི་གཉིས་གཅིག་འགྲན་བསྡུར་གྱི་སྟ་གོན་(Qaurterfinal)གྲས་ སུ་འགྲོ་ཐུབ་མཁན་གྱི་མི་རིགས་ནག་པོའི་རྒྱལ་ཁབ་ཨང་གསུམ་པ་དེ་ཆགས་པ་རེད།


དེ་རིང་ གོང་གི་རྒྱལ་ཁབ་གཉིས་ལྷོ་ཨ་ཧྥུ་རེ་ཁའི་རྒྱལ་ས་ Jojannesburg ཡོ་ཧང་ནི་སི་རྦིར་རྒུ་རུ་ འགྲན་བསྡུར་བྱས་ཏེ་མཐའ་མཇུག་གི་འབྲས་བུ་1-1་གཅིག་འདྲ་ཆགས་ཏེ། ཡང་བསྐྱར་ཆུ་ཚོེད་ཕྱེད་ཀའི་རིང་བསྐྱར་རྩེ་བྱས་ཏེ་རྒྱལ་ཁའི་གཏིང་ཐག་མ་ཆོད་ པར། 12m་ཀྱི་དཀར་ཐིག་སྟེང་སྤོ་ལོ་གྲུག་སྒོའི་ནང་དུ་བསྡུས་རེ་བྱས་ཏེ་ ཨོ་ར་གྷལ་4-2 རྒྱལ་ཁ་ཐོབ་ཏེ། ༢༠༡༠ལོའི ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་(Qaurterfinal) གྱི་གྲས་སུ་འགྲོ་མཁན་རྒྱལ་ཁབ་ཨང་གཉིས་པ་ཆགས་པ་ ཧྥེ་ཧྥ་ རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་ཚོགས་པའི་ལོ་རྒྱུས་སུ་བཀོད་པ་རེད།


ཟླ་བདུན་པའི་ཚེས་གསུམ་ཉིན།

རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་གྱི་སྔོན་ འགྲོ།(Quarterfinal)
འགྲན་བསྡུར་དང་པོ།
ལྷོ་ཨ་ཧྥུ་རི་ཁའི་ཞོགས་པའི་ཆུ་ཚོད་10.00 སྟེང་།
ཨར་རྒྱན་ཁྲེ་ན།


འཇར་མན་ནེ།

འགྲན་བསྡུར་གཉིས་པ། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་གི་ཆུ་ཚོད་14.00 སྟེང་།

པ་ར་གྷལ། ཨེ་སི་པན་ཡ།

གཉིས་གཅིག་འགྲན་བསྡུར་གྱི་རེའུ་མིགSemifinal
ཟླ་བདུན་པའི་ཚེས་དྲུག་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30

ཧོ་ལན་ཊི།
ཨོ་ར་གྷལ།

Holland- Uruguay ཟླ་བདུན་པའི་ཚེས་བདུན་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30
རྒྱལ་ཁབ། རྒྱལ་ཁབ། རྗེས་སྣོན།
ཨང་གསུམ་པའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30
རྒྱལ་ཁབ། རྒྱལ་ཁབ། རྗེས་སྣོན། མཐའ་མཇུག་རྒྱལ་ཁའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་གཅིག་གི་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ། རྗེས་སྣོན།
ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས། གསར་འགོད་པ་རིན་བྷོ།

 

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )