རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་གྱི་སྔོན་ འགྲོ།(Quarterfinal)

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གཉིས་གཅིག་འགྲན་བསྡུར་ གྱི་སྔོན་འགྲོ།(Quarterfinal) ཟླ་བདུན་པའི་ཚེས་གསུམ་ཉིན།

འགྲནབསྡུར་དང་པོ། ལྷོ་ཨ་ཧྥུ་རི་ཁའི་ཞོགས་པའི་ཆུ་ཚོད་10.00 སྟེང་།
ཨར་རྒྱན་ཁྲེ་ན། འཇར་མན་ནེ།
འཇར་མན་ནེ་ནི་འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ཡག་ ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐེངས་གསུམ་ཐོབ་ མྱོང་། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་དྲུག་པའི་མིང་རྟགས་ཐོབ་པ་མ་ཟད། འཛམ་གླིང་སྟེང་ ཕོ་མོ་གཉིས་ཀས་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐོབ་མཁན་ གྱི་རྒྱལ་ཁབ་ཁོ་ན་དེ་ཡིན། ད་དུང་ཡུ་རོབ་ཀྱི་ (European Championships) རྐང་གྲུག་ཚོགས་པའི་འགྲན་བསྡུར་ཐོག་ ཨང་དང་པོའི རྒྱལ་ཁ་ཐེངས་གསུམ་ཐོབ་ཡོད། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ཨང་གསུམ་པའི་བྱ་དགའ་ཐེངས་གསུམ་ཐོབ་ མྱོང་། འཛམ་གླིང་སྟེང་རྐང་གྲུག་རྩེད་མོ་རྩེ་མཁན་སྐད་གྲགས་ཆེ་ཤོས་གཤམ་དུ།

Michael Ballack
Philipp Lahm
Miroslav Klose
Jens Lehman


ཨར་རྒྱན་ཁྲེ་ན་ནི་འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ ཡག་ཤོས་ཀྱི་རྒྱལ་ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན། རྐང་གྲུག་རྩེད་མོ་ནི་ ཨར་རྒྱན་ཁྲེ་ན་རྒྱལ་ཁབ་ཀྱི་ལུས་རྩལ་རྩེད་མོ་ཆེས་དགའ་ཤོས་དེ་ཆགས་ཡོད། རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ཐོབ་མྱོང་། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་བདུན་པའི་མིང་རྟགས་ཐོབ་ཡོད། འཛམ་གླིང་སྟེང་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་གྲངས་ཆེས་མང་ཤོས་དང་ཡུ་རོབ་རྒྱལ་ ཁབ་ཁག་གི་སྒེར་གྱི་རྐང་གྲུག་ཚོགས་པའི་ནང་རྩེད་མོ་རྩེ་མཁན་ཆེ་ཡག་ཤོས་དང་གལ་ ཆེ་ཤོས་ཀྱི་གྲངས་ཀྱང་མང་པོ་ཟིན་ཡོད། དུས་རབས་༡༩་ནང་ དབྱིན་ཇིའི་མི་སེར་ ཨར་རྒྱན་ཁྲེ་ན་རུ་གནས་སྤོར་བྱས་རྗེས་ རྐང་གྲུག་རྩེད་མོ་ ཨར་རྒྱན་ཁྲེ་ན་རྒྱབ་ཁབ་ཏུ་དར་ཞིང་། 1891ལོར་རྒྱལ་ཁབ་ཀྱིས་ རྐང་གྲུག་རྩེད་མོ་འགྲན་བསྡུར་ཐོག་དང་པོ་ཚོགས་པ་ནི། དབྱིན་ཇི་རྒྱལ་ཁབ་མ་ཐེ་པར་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་དུ་རྐང་གྲུག་རྩེད་མོ་ འགྲན་བསྡུར་ཚོགས་པ་ཆེས་རྙིང་ཤོས་དེ་ཡིན། 1893་ ལོར་ ཨར་རྒྱན་ཁྲེ་ན་རྒྱལ་ཁབ་ཀྱིས་( Argentine Football Association) རྐང་གྲུག་ཚོགས་པ་བཙུགས་པ་དེ་འཛམ་གླིང་སྟེང་ རྐང་གྲུག་ཚོགས་པ་རྙིང་ཤོས་ཨང་བརྒྱད་པ་དེ་ཆགས་ཡོད། ཀུན་གྱིས་ཡིད་སྨོན་འཆོར་ས་དང་སྙན་གྲགས་གནམ་སར་ཁྱབ་པའི་རྐང་གྲུག་རྩེད་མཁན་ ནི་ ཊེ་ཡ་གོ་ མ་ར་ཊོ་ན་ཡིན། ཁོང་གིས་ད་ལོར་ ཨར་རྒྱན་ཁྲེ་ན་རྒྱལ་ཁབ་ཀྱི་རྐང་གྲུག་ཚོགས་པའི་དགེ་རྒན་དང་འགོ་ཁྲིད་དང་པོའི་ འགན་འཁྲི་བཞེས་ཡོད། འཛམ་གླིང་སྟེང་རྐང་གྲུག་རྩེད་མོ་རྩེ་མཁན་སྐད་གྲགས་ཆེ་ཤོས་གཤམ་དུ།

Diego Maradona
Gabriel Batistuta
Hernan Crespo
Juan Roman
Lionel Messi

དེ་རིང་ ལྷོ་ཨ་ཧྥུ་རེ་ཁའི་གྲོང་ཁྱེར་ཁེལ་ཕུ་ཀྲོང་གི་( Greent point stadium in Cape Town) རྐང་གྲུག་རྩེད་ཐང་དུ་ ༢༠༡༠ལོའི་ཟླ་༧་པའི་ཚེས་༣་ཉིན་གོང་་གི་རྒྱལ་ཁབ་གཉིས་འགྲན་བསྡུར་བྱས་ཏེ་མཐའ་ མཇུག་གི་འབྲས་བུ་4-0་འཇར་མན་ནེ་རྒྱལ་ཁ་ཐོབ་སྟེ། ད་ལོའི་ ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་(semifinal) གྱི་གྲས་སུ་འགྲོ་མཁན་རྒྱལ་ཁབ་ཨང་གསུམ་པ་དེ་ཆགས་པ་ཡིན། ད་ལོའི་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་པར་ལམ་ཐག་ཇེ་ཉེ་རུ་ཕྱིན་པ་དང་རེ་ བའང་ཇེ་ཆེར་གྱུར། དེ་ལས་ལྡོག་སྟེ་སྙན་གྲགས་ས་སྟེང་ཁྱབ་པའི་ རྐང་གྲུག་རྩེད་མོ་རྩེ་མཁན་ མ་ར་ཊོ་ན་ཡིས་འགོ་ཁྲིད་པའི་ཁོང་གི་རྐང་རྩེད་སྤོ་ལོ་ཚོགས་པས་བསམ་ཡུལ་ལས་འདས་ པའི་ཕམ་ཁ་དང་བློ་ཕམ་ཆེན་པོ་སྐྱེས་ཏེ་ལྷོ་ཨ་ཧྥུ་རེ་ཁའི་རྐང་གྲུག་རྩེད་ཐང་དང་ ཁ་གྱེས་ཏེ་མ་འགྱིངས་པར་ཕྱིར་རང་ཡུལ་ལ་ལོག་དགོས་བྱུང་པ་རྨི་ལམ་བཞིན་དུ་སྣང་ ངོ་།


འགྲན་བསྡུར་གཉིས་པ། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་གི་ཆུ་ཚོད་14.00 སྟེང་།
པ་ར་གྷལ། ཨེ་སི་པན་ཡ།
པ་ར་གྷལ་ནི་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་ལ། འཛམ་གླིང་སྟེང་རྐང་གྲུག་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ཁབ་ཞིག་ཀྱང་ཡིན། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ནང་ཐེངས་བདུན་ཚུད་པ་མ་ཟད། རྩེད་མོ་རྩེ་རིམ་གཉིས་པ་སྟེ་ རྒྱལ་ཁབ་16་ནང་(Second round)ཐེངས་བཞིར་ཚུད་ཐུབ་མཁན་གྱི་རྒྱལ་ཁབ་ཞིག་ཡིན། རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་ཚོགས་པས་༢༠༡༠་ལོའི་ རྐང་གྲུག་རྩེད་མོ་རྩེ་མཁན་གྱི་རྒྱལ་ཁབ ཡག་ཤོས་ཆ་ཚང་ཨང་རིམ་བསྒྲིགས་པའི་ནང་ཨང་སུམ་ཅུ་སོ་གཅིག་པའི་ཐོབ་རྟགས་ཡོད། གཤམ་དུ་པ་ར་གྷལ་རྒྱལ་ཁབ་ཀྱི་རྐང་གྲུག་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་འདྲ་དཔར།


ཨེ་སི་པན་ཡ་ནི་ འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན་ལ། རྒྱལ་ཁབ་འདིའི་ལུས་རྩལ་རྩེད་མོ་དགའ་ཤོས་ནི་ རྐང་གྲུག་རྩེད་མོ་ཡིན། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་གཉིས་པའི་མིང་རྟགས་ཐོབ་ཡོད། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ཡུ་རོབ་ཀྱི་ (European cup / Champions Legaue titles ) རྐང་གྲུག་ཚོགས་པའི་འགྲན་བསྡུར་གྱི་ལོ་རྒྱུས་ནང་ཨང་དང་པོའི རྒྱལ་ཁ་ཐེངས་བཅུ་གཉིས་ཐོབ་ཡོད་ཀྱང་། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ཐོབ་མྱོང་མེད། འཛམ་གླིང་སྟེང་རྐང་གྲུག་རྩེད་མོ་རྩེ་མཁན་སྐད་གྲགས་ཆེ་ཤོས་གཤམ་དུ།

Xabi Alonso
David Villa
Fernando Morientes
Raul
Fernando Torres
Cesc Fabregas


Cesc Fabregas དེ་རིང་ གོང་གི་རྒྱལ་ཁབ་གཉིས་ལྷོ་ཨ་ཧྥུ་རེ་ཁའི་རྒྱལ་ས་ Jojannesburg ཡོ་ཧང་ནི་སི་རྦིར་རྒུ་རུ་ འགྲན་བསྡུར་བྱས་ཏེ་མཐའ་མཇུག་གི་འབྲས་བུ་0-1 ཨེ་སི་པན་ཡ་རྒྱལ་ཁ་ཐོབ། ༢༠༡༠ལོའི ཧྥེ་ཧྥ་རྒྱལ་སྤྱིའི་རྐང་གྲུག་སྤོ་ལོ་གཉིས་གཅིག་འགྲན་བསྡུར་(semifinal) གྱི་གྲས་སུ་འགྲོ་མཁན་རྒྱལ་ཁབ་ཨང་བཞི་པ་ཆགས།


ཆུ་ཚོད་སྐར་མ་བདུན་གྱི་རྩེད་མོ་མཇུག་རྫོགས་གྲབས་སྐབས་སུ་ ཊ་བེ་ཊི བེ་ལ་ཡིས་ (David Villa) གྲུག་སྒོ་གཅིག་བསྡུས་ཏེ་ ཨེ་སི་པན་ཡའི་རྐང་གྲུག་ཚོགས་པ་རྒྱལ་ཁ་ཐོབ་སྟེ་གཉིས་གཅིག་འགྲན་བསྡུར་ གྱི་(Semifinal)གྲས་སུ་ཚུད་ཐུབ་པ་ ཧྥེ་ཧྥ་རྐང་གྲུག་ཚོགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་ཐོག་དང་པོའི་མིང་རྟགས་ བཀོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གཉིས་གཅིག་འགྲན་བསྡུར་གྱི་སྔོན་འགྲོའི་འགྲན་ བསྡུར་མཇུག་ཡོངས་སུ་རྫོགས་སོ།(Quarterfinal) གཉིས་གཅིག་འགྲན་བསྡུར་གྱི་རེའུ་མིགSemifinal ཟླ་བདུན་པའི་ཚེས་དྲུག་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30

ཧོ་ལན་ཊི ཨོ་ར་གྷལ།

Holland-Uruguay ཟླ་བདུན་པའི་ཚེས་བདུན་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30

འཇར་མན་ནེ།
ཨེ་སི་པན་ཡ།

Germany- España ཨང་གསུམ་པའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ། རྗེས་སྣོན། མཐའ་མཇུག་རྒྱལ་ཁའི་འགྲན་བསྡུར། ཟླ་བདུན་པའི་ཚེས་བཅུ་གཅིག་གི་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 རྒྱལ་ཁབ། རྒྱལ་ཁབ། རྗེས་སྣོན།

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས། གསར་འགོད་པ་རིན་བྷོ།

 

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )